messages
listlengths 2
2
| token_length
int64 20
758
|
---|---|
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160184.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན༔ གཡོན་པས་དྲིལ་བུ་ཡུམ་གྱི་སྐུ་ལ་འཁྱུད༔ ཐུགས་ཀར་གཞི་ཡི་ཀུན་བཟང་ཡབ་ཡུམ་ལ༔ ཕུང་\nལྔ་རྣམ་དག་རྒྱལ་བ་རིགས་ལྔ་དང་༔ འབྱུང་ལྔ་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་ལྔ༔ དབང་ཡུལ་རྣམ་དག་སེམས་དཔའ་སེམས་མ་དང་༔ ཉོན་དྲུག་དག་པའི་སྤྲུལ་སྐུ་\nཐུབ་པ་དྲུག༔ མུ་བཞི་གནས་དག་ཐར་བྱེད་ཡབ་ཡུམ་བརྒྱད༔ མ་བསྐྱེད་ཡོངས་གྲུབ་གདན་གསུམ་ཞི་བའི་མདངས༔ སྤྱི་བོར་དུང་ཁང་རབ་འབར་མེ་དཔུང་ཀློང་\n༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཁྲག་འཐུང་རྒྱུད་སྡེའི་སྤྱི་དཔལ་ཆེན་པོ་ལ༔ དུག་ལྔ་གནས་འགྱུར་ཚར་གཅོད་ཁྲོ་བོའི་ལྷ༔ ལྔ་བཅུ་རྩ་བརྒྱད་འབར་བའི་\nཚོགས་ཀྱིས་བསྐོར༔ གདོད་ནས་ཡོངས་གྲུབ་སྒྱུ་འཕྲུལ་དྲྭ་བར་རྫོགས༔ དབང་ལྷ་མཁའ་དབྱིངས་གང་བའི་ཚོགས་རྣམས་ཀྱིས༔ རྡོ་རྗེའི་གླུ་དང་མེ་ཏོག་ཆར་འབེབས་",
"type": "text",
"url": null
}
],
"role": "assistant"
}
] | 475 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180718.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འཕྲོ་མཐུད་པའི་དགོས་པ་ཡོད། མིན་མ་ཟེར་དང་ཁྱོད་ཀྱང་ཕྲིན་ལས་ཀྱི་སྒོ་འབྱེད་དུ་ཡོང་གསུངས། ལན་གང་ཡང་ཞུ་མ་ནུས་པའི་ཅུང་ཟད་ཁུ་སིམ་མེ་བསྡད་པས། སྐྱབས་རྗེ་ཅུང་\nདགོངས་པ་ཚོམས་པའི་རྣམ་པ་དང་བཅས། ཁྱོད་ལ་བརྒྱད་པ་ཡོད་པ་རྣམས་ནུབ་མ་བཅུག་ན་དགའ། ཁོང་གིས་བསྟན་དོན་དུ་གཟིགས་པ་རེད། འདོན་རྒྱ་ཁྱོད་རང་གིས་ཐོན་དང་\nབྱིན་རླབས་ངས་བྱེད་ཡོང་ཞེས་གསུངས་པས་ངས་ཀྱང་ལགས་སོ་ཞེས་མི་ཞུ་ཐབས་མེད་བྱུང་། གཏེར་སྟོན་ཉིད་ཀྱིས་དེ་མ་ཐག་ཏུ་ད་ཐག་ཆོད་སོང་དེ་ག་རང་བྱེད་གསུངས། དུས་\nཚོད་ངས་གྲོས་བྱེད་ནས་གདན་འདྲེན་ཞུ་མཁན་བཏང་ཡོང་གསུངས། ངས་དེ་འདྲ་མི་དགོས་འབྲུག་ལ་ང་རང་ཡོང་བས་ཆོག་ཞུས་ནས་ཐག་ཆོད་བྱས། ཏོག་ཙམ་སོང་བ་དང་འཁོར་\nལོའི་མགོན་པོ་མཁྱེན་བརྩེའི་ཞལ་ནས་མི་ཞིག་ལ་ང་རང་གཅིག་པུ་ཡར་ཤོག་གསུངས་འདུག་པས་སྐུ་མདུན་དུ་བཅར་བའི་ཚེ། ཞལ་སྔ་ནས་ཁོང་གཏེར་སྟོན་ཚད་མ་དངོས་གནས་\nཡིན༑ འཇམ་དབྱངས་ཆོས་ཀྱི་བློ་གྲོས་བྱང་ཆུབ་སེམས་དཔའ་རེད། སུ་ལའང་མ་རེད་དེ་འདྲ་གསུང་གི་མ་རེད། ཡིན་ཀྱང་དངོས་གནས་གཏེར་སྟོན་ཚད་མར་ཞལ་གྱིས་བཞེས་པ་",
"type": "text",
"url": null
}
],
"role": "assistant"
}
] | 572 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150012.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སེལ་བའི་སྣ་སེལ་དུ། དང་པོ་རང་རྒྱུད་སྦྱོང་བ་ལ། ལུས་ཀྱི་སྒྲིབ་པ་སྦྱང་ཕྱིར་སཱཙྪ་གདབ་པ། ཉེའུ་འདོན་པ། སྲོག་བསླུ། རྣམ་འཇོམས་སྨེ་བརྩེགས་ཀྱི་ཁྲུས། ངག་སྒྲིབ་སྦྱང་ཕྱིར་ན་རག་དོང་སྤྲུགས་དང་ཡིག་བརྒྱ་བཟླས། ཡིད་སྒྲིབ་སྦྱོང་ཕྱིར་\nསེམས་བསྐྱེད་བླང་བླ་མའི་རྣལ་འབྱོར་བསྒོམ། ཞི་བའི་སྦྱིན་སྲེག་བླུགས། གསུམ་ཀའི་ཕྱིར་དུ་ཕྱག་སྐོར་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་རྒྱ་ཆེར་བྱ། དེ་བཞིན་དུ་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་ཀར་\nགཤེགས༔ བྱང་དུ་ཏོག་གཟུངས་དང་གྲྭ་ང་ཀློག་པར་གསུངས་པ་བཞིན་གྲུབ་ན་ལེགས། ཐོག་མར་བླ་གབ་མེད་པའི་སར་བདག་བསྐྱེད་སྔོན་དུ་འགྲོ་བས་རྒྱག་བརྔན་ལྷ་བསང་སོགས་མགྲོན་བཞི་སྤྱི་མཆོད་དང་ཆུ་གཏོར་མདོས་གླུད་སོགས་མཆོད་སྦྱིན་ཅི་ནུས་\nབྱ༑ དེ་བཞིན་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང་ནད་པ་དབུལ་ཕོངས་བྱ་རིགས་ཆུ་གནས་སོགས་ལ་སྦྱིན་གཏོང་བྱས་ཏེ་སྒྲུབ་པ་མཐར་ཕྱིན་ཅིང་བར་ཆད་མེད་པའི་སྨོན་ལམ་གདབ་བོ། །སྒྲུབ་གནས་གསར་པ་ཡིན་ན་ས་བརྟག་སློང་། དབང་དུ་བྱ་\nབ༑ སྦྱང་ཞིང་བསྲུང་བ་རྣམས་སྒྲུབ་ཁོག་ལྟར་ཤེས་པར་བྱ་ཡི་སྒྲུབ་གནས་རྙིང་པ་ལ་མི་དགོས་སོ། །དེ་ལྟ་བུའི་གནས་སུ་བསྙེན་སྒྲུབ་ཉམས་སུ་ལེན་པའི་སྐབས། ཐོག་མར་སྟན་འོག་ཏུ་ས་དཀར་གྱི་གཡུང་དྲུང་བྲིས་པའི་སྟེང་རྩྭ་ཀུ་ཤ་རྩེ་མོ་མདུན་བསྟན་དུ་",
"type": "text",
"url": null
}
],
"role": "assistant"
}
] | 758 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150083.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ནོ༔ ཀྱེ་མ་ཀྱི་ཧུད་གུ་རུ་རིན་པོ་ཆེ༔ བདག་འདྲ་བླུན་རྨོངས་འཁོར་བར་འཁྱམས་པའི་འགྲོར༔ མཁྱེན་རབ་ཐུགས་རྗེའི་འོད་སྟོང་རབ་བཀྱེས་\nནས༔ སྨག་འཐུག་འཁོར་བའི་བཙོན་ལས་བསྒྲལ་དུ་གསོལ༔ ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་གུ་རུ་དགྱེས་པའི་ཞལ་གྱིས་ཕྱོགས། བརྩེ་བའི་སྤྱན་གྱིས་གཟིགས། ཐུགས་\nརྗེས་རྗེས་སུ་བཟུང་། འཛུམ་པའི་ཞལ་ནས་འདི་ལྟར། ཀྱི། སྐལ་ལྡན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བོས་ཏེ། གདོད་མའི་གཞི་ལ་ཁྱོད་དང་ང་གཉིས་དབྱེ་བ་མེད་དེ། སངས་\nརྒྱས་སེམས་ཅན་ཐམས་ཅད་གཞི་དབྱིངས་སུ་མཉམ་མོད་ཀྱང་། མ་རིག་པའི་དབང་གིས་གཞི་སྣང་རང་སྣང་དུ་ངོ་མ་ཤེས་པས། གཟུང་འཛིན་དུ་གོལ་ཏེ་ཐོག་མ་མེད་པ་ནས་ད་ལྟའི་བར་\nའཁྲུལ་སྣང་རྨི་ལམ་ལྟ་བུར་བདེན་པར་བཟུང་བའི་སྲིད་པའི་དུཿཁ་མུ་མེད་པར་མྱོང་བ་ཡིན་ལ། ད་ལྟའང་རྨོངས་པར་གྱུར་ན་ནམ་ཡང་ཐར་བའི་སྐབས་མེད། དེའི་ཕྱིར་ན་དུས་འདིར་གཏི་",
"type": "text",
"url": null
}
],
"role": "assistant"
}
] | 511 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180312.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ཤམ་པོ་གངས་ཆེན་གནས་ལ་བགྲོད། །ལྷ་བཙན་འབར་བས་ལུང་ཡང་བསྟན། །གཟའ་བདུད་རྒྱལ་པོ་རཱ་ཧུ་\nལས༑ ༑འབྲུག་སྒྲ་ཐོག་གིས་བར་སྣང་བཀང་། །གཟའ་བརྒྱད་ཀི་ཀང་གཟུགས་ཀྱང་མཐོང་། །ཏིང་འཛིན་དམིགས་པས་ཟིལ་མནན་པས། ཁས་བླངས་སྲོག་གི་སྙིང་པོ་ཕུལ། །\nསྒྲ་གཅན་རླུང་གི་དངོས་གྲུབ་ཐོབ། །ཆད་པ་ཕོ་ཉའི་བཀའ་ཡང་བབ། །དྲང་སྲོང་བརྡ་དགུའིཤོག་དྲིལ་ལོན། ཤམ་པོའི་གྲུབ་ཐོབ་སྨོན་པའི་བུ། །གནམ་ལྕགས་རྡོ་རྗེ་མ་ལགས་\nསམ༑ ༑ཙཱ་རི་གངས་ཀྱི་རྭ་བ་ནས། །ལུང་བསྟན་མཁའ་འགྲོས་བསུ་བ་མཛད། །ངོ་མཚར་གནས་ཆེན་བཀའ་བབ་པ། །སྣང་སྲིད་བུདྡྷའི་ཀློང་དུ་གྲོལ། །ཀརྨ་ལས་འབྲེལ་གླིང་པ་\nརྗེ༑ ༑རྣལ་འབྱོར་རས་པ་མ་ལགས་སམ། །འགྲོ་ཡང་ཀ་དག་ངང་དུ་འགྲོ། །སྤྱོད་འགྲོས་དབྱིངས་རིག་ཟང་ཐལ་བསྲེ། །ལམ་ཀུན་རྒྱ་ཡན་ཤུགས་ལས་བགྲོད། །རྣམ་རྟོག་ལྷ་",
"type": "text",
"url": null
}
],
"role": "assistant"
}
] | 529 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180298.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དགོས་བསམ། །ཏི་སྒྲོ་ལས་ཀྱི་མཁའ་འགྲོའི་བསང་ཞིག་བཏང་། །གནས་མོ་ཁྲོམ་དུ་ཕྱིན་པའི་མལ་དེ་ལ། །ཞྭ་མོ་གྱོན་ནས་ཁ་ཊྭཱཾ་ལག་ཏུ་ཐོགས། །\nདམ་རྫས་ཕྲན་བུ་ཞིག་ནི་སྡེར་མར་བཏབ། །སྒོ་རུ་ཐོན་ནས་རྟེན་འབྲེལ་བརྟགས་ཏེ་སོང་། །གཡུ་ཐོག་ཟམ་པའི་ཁ་རུ་སླེབ་ཙ་ན། །བུ་མོ་གསུམ་གྱི་མདའ་དར་ཆང་ཕུད་དང་། །\nའབྲུ་སྣ་འགའ་རེ་ཐོགས་ཏེ་སླེབས་ནས་བྱུང་། ཁྱོད་རྣམས་གར་འགྲོ་ཅི་བྱེད་སྨྲས་ཙ་ན། །ངེད་རྣམས་མ་ཅིག་དཔལ་ལྷའི་མདུན་དུ་འགྲོ། །དེ་རིང་ཚེས་བཟང་ཚོགས་འཁོར་དགོས་\nཡིན་ཟེར། ཁྱོད་རྣམས་མིང་ལ་ཅི་ཞེས་དྲིས་ཙ་ན། །ཚེ་འཛོམས་བུ་ཁྲིད་པདྨ་རྒྱལ་མ་དང་། །སྲས་མོ་བྷ་ཡ་དག་ནི་མིང་ཡིན་ཟེར། །ཆུང་བ་ཚེ་འཛོམས་བུ་ཁྲིད་བྱ་བ་དེའི། །ལག་\nཔར་སོར་གདུབ་འདུག་པར་སྟོན་དང་སྨྲས། །བསྟན་ནས་ལག་ཁར་བཞག་ནས་བྱུང་ཙ་ན། །ཆང་ཕུད་གཏོར་ཏེ་རླུང་ཐུན་གཅིག་བཟུང་ནས། །བང་ཁ་བརྫངས་ཏེ་མགྱོགས་པར་སོང་",
"type": "text",
"url": null
}
],
"role": "assistant"
}
] | 528 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180700.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བའི་ཡོན་དངུལ་གང་བྱུང་བ་རྣམས་གནང་བ་དང་། གཞུང་གི་སྐུ་སྲུང་དམག་ཁང་གི་གཞུང་འཁོར་ཞིག་གཏེར་སྟོན་ཞབས་སྐྱེལ་ལ་འགྲོ་དགོས་ཚུལ་བཀའ་ཕབ་དོན་བཞིན། སྐྱིད་\nསྡུག་བློན་ཆེན་གཏམ་ཤིང་རྒྱ་གར་པ་ནས་གཏེར་སྟོན་སྐུ་མཚམས་ལ་ཕེབས་རྒྱུའི་ཆེད་དུ། དགྲ་མེད་རྩེ་ནས་ཟངས་མདོག་དཔལ་རིའི་བློས་བསླང་གདན་འདྲེན་དང༌། བཀྲ་ཤིས་སྒང་\nརྫོང་བདག་དང་། ལྷུན་རྩེ་རྫོང་བདག་སོགས་ཞབས་ཞུས་དགོས་ཚུལ་བཀའཤོག་ཀྱང་གནང་བ་བཞིན། རིམ་པར་དགྲ་མེད་རྩེ་ནས་བཀྲ་ཤིས་སྒང་རྫོང་བདག་ཀུན་བཟང་སོགས་ནས་\nཟངས་མདོག་དཔལ་རིའི་དཀྱིལ་འཁོར་བློས་བསླང་གྲ་སྒྲིགས་དང་། ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བརྙན་བཅས་བླུག་ནས་ལྷུན་རྩེ་བར་སྐྱེལ་མ་བྱས། ལྕགས་ཟམ་ཁ་ནས་སྦྱིན་\nབདག་ཨོ་རྒྱན་དབང་ཕྱུག་གིས་ཆིབས་རྟ་ཞིག་ཕུལ་བ་དབང་དྲག་གིས་རྗེས་སུ་ཁྲིད། ལྷུན་རྩེ་ནས་ཆིབས་ཐོག་ཏུ་བྱོན། གནས་སྐབས་ཀྱི་རིང་ཏོང་ཏོང་ཕུག་གི་མེས་མེས་བླ་མ་\nདང་༑ མཁན་མ་ཨ་ཞེ་སོགས་ཀྱིས་ཞབས་ཏོག་ཞུས་ནས་གཟིམ་ཁང་ཞིག་ཀྱང་རྒྱབ་ནས་ཕུལ། བར་སྐབས་ཤིག་ཏོང་ཏོང་ཕུག་ནས་རྒྱུ་ལས་བྱ་བར་ཕེབས་ལམ་དེར་ཞག་བཞུགས་",
"type": "text",
"url": null
}
],
"role": "assistant"
}
] | 603 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150122.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ངས་ལམ་ཟབ་རྫོགས་པ་ཆེན་པོ་ཉམས་སུ་བླངས་ནས། འགྲོ་ཀུན་སྡུག་བསྔལ་དང་བྲལ་བ་ཞིག་བྱའོ་སྙམ་པའི་དམ་བཅའ་དྲག་པོ་བཟུང་། དེ་དེ་བཞིན་ནུས་པ་བླ་མ་དང་གུ་རུ་རིན་པོ་ཆེ་\nཁྱེད་མཁྱེན་སྙམ་པའི་གསོལ་བ་བཏབ། དེ་བཞིན་འབྱུང་བར་ཤོག་སྙམ་པའི་སྨོན་ལམ་དང་དགེ་བ་གཞན་དོན་དུ་བསྔོ་བ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་བྱའོ། ཁྲིད་གཞན་དུ་\nཐར་པའི་ཕན་ཡོན་དང་བཤེས་གཉེན་བསྟེན་པ་གཉིས་པོ་ས་བཅད་སོ་སོར་བསྟན་པ་ཡོད་མོད། འདིར་ས་བཅད་ཐ་མའི་ཁོངས་སུ་ཚང་བར་སྟོན་པར་མཛད་པ་ལས། དེ་ཡང་ཞུས་མ་ཐག་\nཔའི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་ཉོན་གཉིས་ལམ་བདེན་གྱིས་སྤང་བའི་མཐུས་སྡུག་བསྔལ་གྱི་རྩ་བ་ཆོད། འགོག་པའི་བདེན་པ་མངོན་དུ་བྱས་ཤིང་ཉན་རང་དགྲ་བཅོམ་པའི་གོ་\nའཕང་སྟེ་འཁོར་བར་སླར་མི་ལྡོག་པའི་ཞི་བ་བསིལ་བ་བདེ་བ་དམ་པ་བརྙེས་མོད། གཟོད་ཐེག་ཆེན་ལ་ཞུགས་ཏེ་སྤང་བྱ་ཕྲ་བ་སྤང་ཞིང་རྟོགས་བྱ་མཐར་ཐུག་རྟོགས་དགོས་པས་ད་དུང་བདེ་",
"type": "text",
"url": null
}
],
"role": "assistant"
}
] | 517 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150268.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི། བར་དོའི་རྩ་ཁྲིད་ཐོས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །",
"type": "text",
"url": null
}
],
"role": "assistant"
}
] | 77 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150273.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ནས་འཆི་ནད་དྲག་པོས་མ་ཐེབས་བར་དུའོ། །གཉིས་པ་འཆར་ཚུལ་རྒྱས་པར་བཤད་པ་ནི། སྤྱིར་འགྲོ་བ་དྲུག་པོ་ལས་སྣང་ཙམ་ཡིན་པར་མཚུངས་ཀྱང་། སྣང་ཡུལ་གཅིག་ལ་རིགས་དྲུག་\nགི་འགྲོ་བར་སྣང་བ་ཐ་དད་པར་འཆར་ལ། དེ་བཞིན་གང་ཟག་ལ་མཚོན་ནའང་དབང་པོ་མཆོག་དམན་གྱི་ཁྱད་པར་ལས་སྣང་ཚུལ་གཅིག་ཏུ་མ་ངེས་ཏེ། ལམ་རྣལ་འབྱོར་པའི་ངོར་སྣང་\nགྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་ཡེ་ནས་ཡིན་པར་རྟོགས་ལ། སྣོད་བཅུད་ཀུན་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་དངོས་སུ་ཤར་\nཅིང་དེའི་ངང་དུ་གྲོལ་བའི་ཕྱིར། ཚུལ་འདི་ལ་ཟུང་འཇུག་སྐུ་བཞིའི་བར་དོ་ཞེས་གསུངས་པའང་ཡོད་ལ། ཏིང་འཛིན་བསམ་གཏན་གྱི་བར་དོའང་འདི་ལས་ལོགས་སུ་མེད་པ་མ་ཟད།\nདེ་རྣམས་སྐྱེ་གནས་བར་དོ་ལས་གཞན་དུའང་མ་ཡིན་ནོ། །དེ་ལྟར་མ་རྟོགས་པའི་གང་ཟག་ཐ་མལ་པ་རྣམས་ནི། སྐྱེས་ནས་འཆི་ནད་ཀྱིས་མ་ཐེབས་པའི་བར་རྟག་ཏུ་བག་ཆགས་ངན་གོམས་",
"type": "text",
"url": null
}
],
"role": "assistant"
}
] | 518 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170282.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཆེན་བརྩེགས་པའི་ཁང་དབུས་སུ། ། མི་གཡོ་དགྱེས་བཞུགས་བདག་ལ་དངོས་གྲུབ་སྩོལ། ཧྲཱིཿ བསོད་ནམས་ནོར་གྱི་འབྱུང་གནས་རྡོ་རྗེ་རྒྱལ། ། སྨོན་ལམ་ཐུགས་རྗེའི་\nགཟི་བརྗིད་སྩོལ་མཛད་པའི། ། ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ལ། ། འདོད་ཡོན་ཟད་མེད་ཚོགས་ཀྱི་མཆོད་པ་འབུལ། ། དགྱེས་པར་བཞེས་ལ་མཆོག་གཉིས་\nཡིད་བཞིན་གཏེར། ། རྣལ་འབྱོར་བདག་ལ་འབད་མེད་མྱུར་འགྲུབ་སྩོལཾ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་རཱ་ཛ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི། ཞེས་ཚོགས་ཕུད་ཕུལ། དེ་ནས་བསྐང་བ་\nནི། ཕྱི་ནང་གསང་བ་ཡང་གསང་མཆོད་པའི་ཚོགས། ། བཀྲ་ཤིས་རྫས་རྟགས་བརྒྱད་དང་རྒྱལ་སྲིད་བདུན། ། འཇིག་རྟེན་སྲིད་པའི་ཁམས་འདིར་སྲིད་རྟོག་རིགས། ། \nཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་བརླབས་ནས། ། འདོད་རྒུ་ལོངས་སྤྱོད་སྟོང་གསུམ་ཁམས་ཁེངས་པའི། ། མཆོད་རྫས་རྟེན་རྫས་སྒྲུབ་པའི་ཡོ་བྱད་ཀྱིས། ། རིགས་",
"type": "text",
"url": null
}
],
"role": "assistant"
}
] | 530 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150600.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བ་གཉིས་པ་ཡི་དམ་ཡོངས་རྫོགས་སྐོར་ལ་སྤྱི་བྱེ་གཉིས་ལས། དང་པོ་བཀའ་བརྒྱད་གསང་བ་ཟིལ་གནོན་དཔལ་དགུ་སོ་སོ་ལ་གཞལ་ཡས་ཁང་རེ་བསྐྱེད་\nདགོས་ཀྱི་རེད་དམ། གང་ཡིན་ཞུས་ན། འདོན་བྱ་ནང་དུ་ཤར་ཕྱོགས་ཕོ་བྲང་ཟླ་གམ་དང་ལྷོ་ཕྱོགས་ཕོ་བྲང་ཟླ་གམ་སོགས་བསྟན་འདུག །ཞེས་པར། དེ་ག་རང་རེད་ཕོ་བྲང་དགུ་སྦྲགས་\nཞེས་ཕྱི་གཞལ་ཡས་ཁང་གཅིག་གི་ནང་དུ་དཔལ་དགུ་སོ་སོར་གཞལ་ཡས་ཁང་བསྐྱེད་དགོས་ཀྱི་རེད། བསྙེན་པའི་སྐོར་ལ་ཇི་ལྟར་བགྱི་བའི་ཚུལ་ནི། སྤྱིར་ད་རེས་རང་རེ་དུས་བསྙེན་ཉིན་\nཉེར་གཅིག་གི་བསྙེན་འབྲེལ་ཙམ་ཡིན་ཙང་། དེས་ན་ཐུན་བཞིས་སྔ་ཐུན་ལ་ལས་བྱང་འབྲིང་པོ་ལྟར་བྱས་ཤིང་། བཟླས་པའི་སྐབས་ཞི་བསྙེན་གསུམ་ཕྲེང་སྐོར་རེ་རེ་དང་མཐར་སྟོང་ཚིག་\nབརྗོད་ལ་ནང་མཆོད་སྟོབས། དེ་ནས་ཁྲོ་སྒྲུབ་ལ་འཇུག །དོ་ལའི་དམིགས་གནད་དང་བཅས་གཙོ་བོ་ཡབ་ཡུམ་རྩ་སྔགས་རུ་ལུ་སྦྲེལ་མ་འདི་ཁོ་ནར་ཐུན་གྱི་སུམ་ཆ་གཉིས་འགྲོ་ངེས་པར་",
"type": "text",
"url": null
}
],
"role": "assistant"
}
] | 518 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180378.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ལོ་ཆེན་ལ་རྩར་སོང་བ་དང་། །ལོ་ཆེན་ལ་ཡང་ཆོད་ཟིན་མི་འདུག་ཟེར། །དེ་ནས་ཀ་མ་ལྷ་བྲག་མདུན་དུ་སོང་། །འབྲོག་པ་མང་པོས་རུ་བ་བསྐྱས་ནས་\nནི༑ ༑རུ་བ་རྣམས་ཀྱང་དེ་རུ་བསྡད་ནས་སོང་། །རྣལ་འབྱོར་པ་ཁྱོད་འདི་རུ་བཞུགས་ཤིག་ཟེར། །ནུབ་མོ་བསྡད་ནས་དབང་དང་ཚོགས་འཁོར་བསྐོར། །དེ་ཚེ་ཉམས་དང་རྨི་ལམ་\nཟ་ཟི་ལ། །བུད་མེད་ནག་མོ་ཤིན་ཏུ་མི་བཟད་གཟུགས། །སྐྲ་ལོ་དམར་སེར་རྟིང་པར་ཤམ་མེ་བ། །ལག་ཏུ་བེ་ཅོན་ཐོད་ཁྲག་ཐོགས་པར་བྱུང་། །བུད་མེད་དེ་ཡིས་བདག་ལ་སྨྲས་\nནས་སུ། །སང་ཞོགས་གཏེར་སྟོན་བྱོན་པའི་ལམ་ཁ་རུ། །ལྷ་ལུང་རྡོ་རྗེ་བྲག་ཅེས་བྱ་བ་རུ། །ཟབ་མོ་རིན་ཆེན་གཏེར་གྱི་སྐལ་བ་ཡོད། །ཕུན་སུམ་ཚོགས་པའི་ཚོགས་རྫས་ཐོགས་\nནས་བྱོན། ཁོ་མོ་ང་ནི་མ་གཅིག་རེ་ཏི་ཡིན། །སང་ཞོགས་བྱོན་སྐབས་བུ་ཡི་གྲོགས་མོ་བྱ། །ད་ནི་དུས་བབ་གཏེར་རྒྱ་འབུལ་ལོ་ཟེར། །དེ་མ་ཐག་ཏུ་འཇའ་ལྟར་ཡལ་ཏེ་སོང་། །",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170151.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། དང༌། ། ཉོན་མོངས་གཉིས་འཛིན་ལོགས་འདྲེན་དགྲ་གདོན་ལ། ། དཔལ་ཆེན་ཕུར་གདབ་རྣམ་ཤེས་མཁའ་རུ་སྤར། ། དོན་དམ་མཉམ་རྗེས་དབྱེར་\nམེད་ངང་དུ་འབུལ། ཨོཾ་སྭ་བྷཱ་ཤ་ཏྲུཾ་བཛྲ་པདྨ་པཱུ་ཛ་ཁ་ཁ་ཁཱ་ཧི། རྒྱུད་ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་བསྒོམ་དང་བསྟོད་པའི་བསམ་པ་ཡིས། ། སངས་རྒྱས་འབྲས་བུ་ཅིག་ཅར་འགྲུབ་པར་ངེས། ། ཞེས་གསུངས་\nཔ་ལྟར་བསྟོད་པ་ནི། ཧཱུྃ། མ་བཅོས་གང་ཤར་མི་ཤིགས་གདོད་མའི་མགོན། ། མཚན་འཛིན་འཇིགས་བྲལ་ཞི་ཆོས་ངང་དུ་གྲོལ། ། རིག་པའི་ཀློང་རྡོལ་རྩ་རླུང་རྒྱ་མདུད་\nགྲོལ༑ ༑ ངོ་མཚར་ཡོན་ཏན་ཀུན་རྫོགས་རྗེ་ལ་བསྟོད། ཧཱུྃ། འགྲོ་མགོན་མ་ཧཱ་གུ་རུ་རིན་པོ་ཆེ། ། ཞི་འཛུམ་སྤྱན་གཉིས་ནམ་མཁར་གཟིགས་པ་ནི། ། ཆོས་སྐུའི་ཕྱག་རྒྱ་\nཟིལ་གྱིས་གནོན་པའི་བརྡ། ། དབུ་སྐྲ་ཁམ་འབོལ་རྒྱབ་ཏུ་གཞོལ་བ་ནི། ། ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབ་པའི་བརྡ། ། དཔྲལ་མཐོངས་འབུར་ཞིང་ལྷོད་པོར་བཞུགས་",
"type": "text",
"url": null
}
],
"role": "assistant"
}
] | 549 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170115.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་ཀུན་བཟང་མཆོད་སྤྲིན་གཏིབས། ། དུས་གསུམ་སྤྲོས་བསགས་དམིགས་མེད་མཆོད་པ་\nའབུལ། ། དག་ཅིང་གཙང་མར་སྦྱར་བའི་མཆོད་རྫས་ཀུན། ། བླ་མ་ཡི་དམ་རྒྱལ་བ་མཉེས་གྱུར་ཅིག ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱིཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་\nལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟཱ་ཏེ་ཛྭ་བྷ་ལིརྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ སྨན་རཀ་གཏོར་མ་བྱིན་གྱིས་བརླབས། ལྔ་པ་བྱིན་དབབ་པ་ནི། ཧཱུྃ། འོག་མིན་ཆོས་\nཀྱི་དབྱིངས་ཀྱི་ཕོ་བྲང་ནས། ། ཀུན་བཟང་འོད་མི་འགྱུར་དང་སྣང་མཐའ་ཡས། ། རང་རིག་ཀ་དག་ཆོས་སྐུས་བྱིན་ཕོབ་ཅིག། ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནས། ། \nལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་དབང་དང༌། ། རང་བཞིན་གསལ་བ་ལོངས་སྐུས་བྱིན་ཕོབ་ཅིག། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས། ། སྤྲུལ་སྐུ་དགའ་རབ་པད་",
"type": "text",
"url": null
}
],
"role": "assistant"
}
] | 566 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180496.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བསྒྲུབས། །ཟོག་སྙིང་མེད་ཟང་ཟིང་མིག་ལྟར་སྐྱོང་། །ཚེ་འདི་ཡི་འདུན་མ་རབ་རིབ་ནས། །དོན་མ་རིག་ངང་ལ་འཆི་བ་སླེབས། །མི་སྨྱོ་ཚབས་ཆེན་པོ་\nའཇིག་རྟེན་པ། །ཚེ་འདི་ཕྱི་མེད་པའི་སྨྱོ་ལུགས་ཡིན། །མི་ཁྱོད་རྣམས་འཕྲལ་དུ་རྩད་བཅད་ནས། །ཕྱིས་ངན་སོང་འབྲས་བུ་ཡལ་ཏེ་བདེ། །མི་ཁོ་བོ་སྨྱོ་བའི་སྨྱོ་ལུགས་ནི། །\nསེམས་གཏད་སོ་བྲལ་བས་སྨྱོ་སྨྱོ་འདྲ། །ངག་བཟོ་མེད་རང་འདྲ་སྨྱོ་སྨྱོ་འདྲ། །ལུས་ཚུལ་འཆོས་མི་ཤེས་སྨྱོ་སྨྱོ་འདྲ། །ཟོབ་མི་ཆོས་མི་མཁས་སྨྱོ་སྨྱོ་འདྲ། །བབ་ཆེ་ཚུལ་ཟད་པས་\nསྨྱོ་སྨྱོ་འདྲ། །ཆོས་བདག་མེད་རྟོགས་པས་སྨྱོ་སྨྱོ་འདྲ། །ཡུལ་ངེས་མེད་འཁྱམས་པས་སྨྱོ་སྨྱོ་འདྲ། །གནས་དུར་ཁྲོད་འགྲིམས་པས་སྨྱོ་སྨྱོ་འདྲ། །ལམ་རོ་སྙོམ་སྦྱངས་པས་སྨྱོ་སྨྱོ་\nའདྲ༑ ༑ཉིན་འཁྲུལ་པའི་སྣང་བ་བདག་མེད་སྨྱོ། །ནུབ་ཉལ་བའི་རྨི་ལམ་སྒྱུ་མར་སྨྱོ། །ལམ་བར་དོའི་ཡིད་ལུས་སྟོང་པར་སྨྱོ། །རྒྱུད་རིགས་དྲུག་རང་གཟུགས་ཆགས་མེད་སྨྱོ། །",
"type": "text",
"url": null
}
],
"role": "assistant"
}
] | 578 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170310.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཆར་ཨེ་འབེབས་ཤེ་ན། འབྲུག་གློག་སྒྲ་ཆེ་ཡང་ཆར་མི་འབེབས། ༈ དཀོར་ཕྱྭ་ནི། དཀོར་དང་གྲོང་ཆོག་རག་དཀའ་བས་ངན། ༈ ལམ་ཕྱྭ་ནི། དགྲ་རྐུན་གྱིས་གནོད་ངོ་འདུག་\nཔས་ངན། ༈ དགྲ་ཕྲུ་ནི། དགྲ་འཆི་བདག་འདྲ་བ་ཡོང་། མི་གསོད་ནོར་འཆོར་འགྲོ་བས་ངན་ནོ། ༼༥༽ཤཱ་མིག་ལྔ་པ་ལ་བབས་ན། ༈ བསྟན་པའི་ཆོས་ཕྱྭ་ནི། མི་ནུབ་\nརྒྱལ་མཚན་ཕྱར། སྙན་གྲགས་སྟོང་གསུམ་གང་བར་ཁྱབ་པས་བསྟན་པ་དར་ལ་ཡུན་རིང་བས་ཤིན་ཏུ་བཟང་། ༈ ཁྱིམ་ཕྱྭ་ནི། ཁྱིམ་བདག་ས་ཡི་ལྷ་མོ་བསྟན་མས་བྱས་\nཔས་ལོ་ལེགས་བཀྲ་ཤིས་ནོར་འཕེལ་མི་ཚེ་བསྐྱེལ་བས་བཟང་། ༈ སྐྱེས་པའི་ཕོ་ཕྱྭ་ནི། ཁྱོད་ལ་ཕོ་ལྷ་དགྲ་ལྷས་མགོན། ཅི་བྱས་ལམ་དུ་འགྲོ། དགའ་བའི་ནམ་\nལངས༑ སྐྱིད་པའི་ཉི་མ་ཤར། ཚེ་རིང་ནད་མེད་ཤིན་ཏུ་བཟང་། ༈ སྲོག་ཕྱྭ་ནི། ཁྱོད་ཀྱི་སྲོག་ལྕགས་ཁང་དགུ་རིམ་དུ་ཚུད། མགོ་ཐོ་བས་བརྡུངས་ཀྱང་མི་འཆི་བས་",
"type": "text",
"url": null
}
],
"role": "assistant"
}
] | 521 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170190.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་\nདར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡན་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་\nགླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱིན་ཆེན་ཕོབ་ཅིག་སྒྲུབ་ལ་དབང་མཆོག་\nབསྐུར༔ ལུས་ངག་ཡིད་གསུམ་ཡེ་ཤེས་རྩལ་ཆེན་རྫོགས༔ རྟེན་མཆོག་རྣམས་ལ་བྱིན་ཆེན་མྱུར་དུ་ཕོབ༔ བྱིན་ཆེན་འབྲལ་མེད་ཁྱེད་ཀྱི་རྗེས་འཇུག་སྩོལ༔ ཨོཾ་གུ་རུ་དྷེ་\nཝ་ཌཱཀྐི་ནཱི་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱ༔ མཆོད་པ་བྱིན་རློབ་ནི༔ ཨཱཿ སྣང་སྲིད་རྣམ་དག་བུདྡྷའི་ཞིང་ཁམས་སུ༔ ཕྱི་སྣོད་ནང་བཅུད་ཀུན་བཟང་མཆོད་སྤྲིན་དབུས༔ རྩ་",
"type": "text",
"url": null
}
],
"role": "assistant"
}
] | 518 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160347.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བཅིང་པ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། ༈ སྒྲུབ་མཆོད་དང་འབྲེལ་བ་ལ་ནི། མངོན་རྟོགས་ཀྱི། རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་\nསྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཀྲ་ལམ་གྱིས་གསལ་བར་གྱུར། གཞུང་གང་ཡིན་སྤྱན་འདྲེན་སྔགས་བཅས་བརྗོད། སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤོས་དང་རོལ་མོ་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་\nཧོ༑ རྩ་སྔགས་བརྗོད་ལ་གཞུང་གང་ཡིན་གྱི་ལྷ་བསྐྱེད་རྫོགས་པའི་མཐར། ཐབ་ཏུ་བཞུགས་སུ་གསོལ་ཞིང༌། གསལ་གདབ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་། དང་པོ་ཕྱག་འཚལ་བ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་\nཉིད་ལོགས་སུ་ཕྱེ་བས་ཕྱག་འཚལ་སོགས་ལས་རིམ་ལ་འཇུག་པར་གྱུར། གཞུང་སོ་སོའི་བཞུགས་གསོལ་དང་ཕྱག་འཚལ་བཅས་སྦྱར། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་\nཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་འཕྲུལ་དགའི་ལོངས་སྤྱོད་བཞིན༔ ཕྱག་རྒྱ་གར་སོགས་ཕྱི་ནང་གསང་བ་ཡི༔ ཀུན་ཏུ་བཟང་པོ་བླ་",
"type": "text",
"url": null
}
],
"role": "assistant"
}
] | 605 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160326.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ནས༔ ཧཱུྃ་ལས་འོད་འཕྲོས་འབྱུང་བའི་ཡི་གེ་བསྐུལ༔ མེ་རླུང་ཆུ་ཡིས་ལྐོག་མའི་ཏྲིསེར་སྦྱངས༔ ཕྲག་དོག་ལྷ་མིན་སྐྱེ་སྒོ་ཆོད་པར་\nཤོག༔ རཾ་སྤ་ར་ཎ་ཕཊ༔ ཡཾ་སྤ་ར་ཎ་ཕཊ༔ ཁཾ་སྤ་ར་ཎ་ཕཊ༔ ཏྲིཿསརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཕྲག་དོག་གི་ལས་དང་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་\nསརྦ་པྲ་བེ་ཤ་ཡ་ཕཊ༔ བཞི་པ་ཁྲུས་སྦྱོང་ནི། ཁྲུས་བུམ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་དྲི་མེད་བུམ་པ་བཟང་པོ་ནས༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་ལེགས་བཀྲུས་པའི༔ དམིགས་ཡུལ་\nཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཡིག་བརྒྱ་ཁྲུས་བདུན་སྔགས་བཅས་བཀྲུ། ཕྲག་དོག་གི་ལས་དང་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་\nཅད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དྲུག་པ་ལྷ་ཡི་གནས་ནས་སྤར་བ་ནི། ང་རྒྱལ་དབང་གིས་ལྷ་རུ་སྐྱེས་སྲིད་པའི༔ གནོང་ངོ་འགྱོད་དོ་འཁོར་བའི་གནས་རིས་སྤོངས༔ དཔལ་ལྡན་ཞིང་",
"type": "text",
"url": null
}
],
"role": "assistant"
}
] | 540 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180342.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཟེར། །དེ་ལ་བདག་གིས་ལན་དུ་འདི་སྐད་སྨྲས། བདག་ནི་ཀོང་པོར་འགྲོ་བའི་ངེས་པ་མེད། །འབྲི་གུང་བསམ་ཡས་ཕྱོགས་སུ་འགྲོ་ཡང་ངེས། ཁྱད་\nཔར་བདག་ནི་གཅིག་པུར་འགྲོ་བ་དགའ། ཁྱོད་ནི་ཐག་རིང་ཆོས་ཕྱིར་མ་བགྲོད་སྨྲས། །ཅིས་ཀྱང་ཀོང་པོའི་ཕྱོགས་སུ་མ་སླེབས་པར། །བླ་མས་ད་རེས་ཁྲིད་རོགས་མ་མཛད་ན། །\nདེ་བས་ཆུ་ཡི་ནང་དུ་མཆོང་ངོ་ཟེར། །དེ་ལ་བདག་གིས་ལན་དུ་སྨྲས་པ་ནི། །ཆོས་ལ་མོས་པ་དེ་ལྟར་ཡིན་ལགས་ན། །འོ་ན་བདག་གིས་ཁྲིད་རོགས་བྱའོ་སྨྲས། །བུ་མོ་དེ་ཉིད་ཀོང་\nཔོར་ཁྲིད་ནས་ཀྱང་། །ཨ་ནེ་བསམ་གཏན་བཟང་མོའི་ཆོས་གྲལ་དུ། །བསྐྱལ་ཏེ་བློ་ནི་ཆོས་སུ་འགྲོ་བར་བྱས། །སྒྲུབ་ཁང་དར་ཆས་རྒྱན་གྱིས་མཛེས་པར་སྤྲས། །དེ་ནས་རིམ་\nབཞིན་ཟིལ་ཆེན་དགོན་དུ་སོང་། །གསོལ་མཆོད་ཚོགས་འཁོར་ལེགས་པོ་བགྱིས་ནས་སུ། །གནས་བསྟོད་གླུ་དབྱངས་དགའ་བྲོ་བགྱིས་པའོ། །ན་མོ། རྗེ་དུས་གསུམ་སངས་རྒྱས་",
"type": "text",
"url": null
}
],
"role": "assistant"
}
] | 509 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180361.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སོང་༑ །སྨོན་ལམ་བཏབ་ཅིང་གཏེར་རྒྱ་ཕྱེ་བའི་ཚེ། །སྒོམ་དང་སྐུ་ཚབ་འཇའ་ཚོན་གཏིབས་ནས་འདུག །སྤྱི་བོར་བླངས་ཤིང་དབང་ཞུས་གསོལ་བ་བཏབ། །དེ་ཚེ་སྐུ་ཚབ་རང་སྒྲའི་\nགསུང་གྲགས་ནས། །ཨོཾ་མ་ཧཱ་གུ་རུ་པདྨ་རཱ་ཛ་ཌཱཀྐི་སིདྡྷི་ཧཱུྃ། ཞེས་པའི་རང་སྒྲ་བུང་བའི་སྐད་ལྟ་བུར། །ཆེ་དང་འབྲིང་བ་ཆུང་དང་ལན་གསུམ་ཐོས། །སྙིང་ནས་སྨོན་ལམ་གསོལ་\nབ་ཡང་ཡང་བཏབ། །མི་བཟོད་དགའ་བྲོད་དྲག་པོ་སྐྱེས་པའི་ཚེ། །ཕོ་སྒྲ་བཏབ་ནས་རྐང་གླིང་བུས་པ་དང༌། །ཞབས་བྲོ་བརྡུངས་དང་ཧཱུཾ་སྒྲ་མང་པོ་བགྱིས། །དེ་ཚེ་གཏེར་སྲུང་མ་མོ་\nསླེབས་ནས་བྱུང༌། །ཐ་ཚིག་བསྒྲགས་ཏེ་གཏོར་མཆོད་དྲག་པོ་བགྱིས། །མ་མོས་བསྟན་པ་བསྲུང་བར་ཁས་བླངས་བྱུང་། །དེ་ནས་གཏེར་རྫོང་ཕྲན་བུ་བཏབ་པ་དང་། །བཀྲ་ཤིས་\nསྨོན་ལམ་རབ་གནས་འཐོར་བའི་ཚེ། །སྔར་ལྟར་གཏེར་རྒྱ་མི་མཐོང་འགྲིགས་ནས་སོང་། །ལྷག་མ་བཏང་ནས་ལམ་དུ་ཞུགས་པའི་ཚེ། །འུར་སྒྲ་ཆེན་པོ་ཤིན་ཏུ་འཇིགས་པ་བྱུང་། །",
"type": "text",
"url": null
}
],
"role": "assistant"
}
] | 550 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170284.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "པར་གསོལ་ལ་ཚངས་པའི་དངོས་གྲུབ་སྩོལ། ཅེས་ཡིག་བརྒྱ་བཟླ། དེ་ནས་ལྷག་མ་གཏོང་བ་ནི། ཧོ༔ གནོད་སྦྱིན་ཆེན་པོའི་བཀའ་སྡོད་བྲན་གྱི་ཚོགས། ། ཕུད་ལ་མི་དབང་ལྷག་\nསྡུད་བྲན་གྱི་སྡེ། ། དམ་རྫས་ལྷག་གཏོར་བཀའ་ཡི་ཕ་འབབ་ལོངས། ། རྣལ་འབྱོར་བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས། ཨུཙྪི་བྷ་ལིཏྟ་ཁཱ་ཧི། གཏོར་མ་འབུལ་བ་\nནི། ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་ཡི། ། བཀའ་ཡི་སྲུང་མ་དམ་ཚིག་ཅན། ། མ་ཡོ་གྲྭ་ཞུར་ཞེས་གྲགས་པའི། ། སྨོན་སྐྱེས་རྡོ་རྗེ་མཆེད་གསུམ་པོ། ། ཡུམ་སྲས་སློབ་\nའབངས་མངགས་པའི་ཚོགས། ། ཕོ་ཉ་ལྷ་ཀླུ་གཉན་དམག་སྡེ། ། སྤྲུལ་པ་ཡང་སྤྲུལ་དུ་མ་བཅས། ། གདུང་བས་མཆོད་ཕྱིར་སྤྱན་འདྲེན་ནོ། ། བརྩེ་བས་འདིར་གཤེགས་\nགཏོར་མ་བཞེས། ། སངས་རྒྱས་བཀའ་ཡི་བསྟན་པ་སྲུངས། ། རྣལ་འབྱོར་བདག་གི་ཚེ་བསོད་སྤེལ། ། མི་མཐུན་རྐྱེན་དང་བར་ཆད་སོལ། ། མཐུན་པའི་བསམ་དོན་ཆོས་",
"type": "text",
"url": null
}
],
"role": "assistant"
}
] | 540 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180039.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གནས་དེ་རུ། །ལྕགས་སྡིག་གན་རྐྱལ་འདྲ་བའི་ལྟེ་བ་རུ། །ཡུམ་གྱི་ལས་རླུང་གཡོས་པས་སྙན་གཟུགས་བསྟན། །ཕ་ཝང་ཞིག་ལ་དམ་པོར་བཟུང་ནས་སུ། །སྤྱན་ནས་མཆི་མ་ཕྲོམ་\nཕྲོམ་རབ་ཏུ་སྣང་། ཁལ་རྟ་བཀལ་བའི་ཆས་རྣམས་སྔོན་ལ་བརྫངས། ཁོལ་མོ་ཞིག་ལ་ན་གཡོག་བྱེད་དུ་བཅུག །བཙས་པའི་ཚེ་ན་གཞན་ལས་ན་ཟུག་ཆུང་། ཁོལ་མོས་ལྟེ་བ་\nབྲེགས་ཤིང་སྨོན་ལམ་བཏབ། །ཨ་མས་ལག་ཏུ་བླངས་ཏེ་དགྱེས་པ་མཛད། །དེ་ཚེ་འདབ་ཆགས་སྣ་ཚོགས་འདུས་ནས་སུ། །གསུང་དབྱངས་འགྱུར་ཁུག་ཙེར་ཙེར་མང་དུ་སྒྲོག །\nདབྱིངས་ནས་འབྲུག་གྲགས་རང་བཞིན་ཧཱུྃ་སྒྲ་ཐོས། ཁ་ཆར་མེ་ཏོག་འཇའ་འོད་རབ་ཏུ་འཁྱིལ། །ཡ་མཚན་ཆེ་བའི་རྟགས་ཀྱང་མང་བར་སྐད། ཁོལ་མོ་དེ་ལ་ཨ་མས་སྨྲས་པ་ལ། །\nདེ་རིང་རྟེན་འབྲེལ་ལེགས་རྟགས་མང་བྱུང་བས། །འདི་ནི་རིགས་ལྡན་བུ་ཞིག་ཡིན་པར་འདུག །མ་ངའི་བསོད་ནམས་རྟེན་འདིར་ཨེ་ཤོང་ཨང་། །རྟགས་མཚན་འདི་རྣམས་མི་ལ་མ་",
"type": "text",
"url": null
}
],
"role": "assistant"
}
] | 516 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160657.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྣང་བའི་དཀྱིལ་འཁོར་ལ༔ ཡེ་ཤེས་གསལ་རྫོགས་ཐིག་གདབ་བོ༔ བྷྲཱུྃ་ཛྷཱ་ན་སཾ་ཀྲི་ཏ་མཎྜལ་དྷརྨ་ཧོཿ ཞེས་ཐིག་གདབ་ཅིང་ལེགས་པར་བཀོད༔སྒྲུབ་པའི་རྫས་ནི་ཚེ་བུམ་ཁ་རྒྱན་མགུལ་ཆིངས་\nཚང་བ་བཞི་འམ་གཅིག༔ མེ་ལོང་སིནྡྷ་ར་ཡི་དཀྱིལ་འཁོར༔ བྷནྡྷ་མཚན་ལྡན་གཉིས༔ ཚེ་གཏོར་རྩ་བའི་སྒྲུབ་རྟེན་ལྟར་རིགས་ལྔ་མཆོད་པ་སྣ་བདུན་དང་༔ ཚོགས་ཀྱིས་འཁོར་ལོ་རྒྱ་ཆེན་པོ་བཤམས་ཤིང་༔ རང་ཉིད་ཁྲོ་བོའི་ང་རྒྱལ་\nགྱིས༔ བགེགས་ལ་གཏོར་མ་བསང་སྦྱང་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དབང་ཆེན་འབར་བའི་ཐུགས་ལས་ཕོ་ཉ་འཕྲོས༔ ཕྱོགས་བཞི་མཚམས་བརྒྱད་གནོད་བྱེད་བགེགས་ཀྱིས་\nརིགས༔ གཏོར་མ་ལེན་ཕྱིར་སྐད་ཅིག་འདིར་མཆིས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་གྱིས༔ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ༔ གནོད་བྱེད་ཐམས་ཅད་མ་རཱ་ཡ་ཛ་\nཛཿབགེགས་གཏོར་ཁ་ཕྱིར་བསྟན་ལ༔ ཧཱུྃ༔ དབང་ཆེན་ཐུགས་ལས་ཁྲོ་ཚོགས་མཚོན་ཆར་འཕྲོས༔ དཀྱིལ་འཁོར་སྒྲུབ་ལ་མི་དབང་ཀླག་ལྟའི་རིགས༔གཏོར་མ་ཁྱེར་ལ་རང་",
"type": "text",
"url": null
}
],
"role": "assistant"
}
] | 584 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160294.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་བའི་ཕྱིར། བསམ་གཏན་ཆུ་ཡིས་ལེགས་བཀྲུས་པས། །རྣམ་གཡེང་དྲི་མ་དག་གྱུར་ཅིག །ཁྲུས་\nསྔགས༑ འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་བའི་ཕྱིར། །ཤེས་རབ་ཆུ་ཡི་ལེགས་བཀྲུས་པའི། །ཤེས་འཆལ་དྲི་མ་དག་གྱུར་ཅིག །སོ་སོར་ཁྲུས་སྔགས་བཅས་\nདང་༑ ཧཱུྃ༔ བཅོམ་ལྡན་རིགས་འདུས་སོགས་ནས་སཱ་ཧཱ༔ ལན་གྲངས་གསུམ་ནས་བདུན་སོགས་གང་མང་བཅས་བཀྲུ། རྟེན་ལ་བྱབ་པ་ནི། རྨ་བྱའི་མདོངས་བཅས། ཧཱུྃ༔ འདོད་ཆགས་ཞེ་སྡང་སོགས་ནས་\nཡང་ཡང་བཟླ། དུག་དབྱུང་ནི། ཧཱུྃ༔ ས་འདི་འཇིག་རྟེན་དུག་གི་ཕ་ཡིན་ཏེ༔ ས་འདི་འཇིག་རྟེན་དུག་གི་མ་ཡང་ཡིན༔ སྤྱན་མའི་མཁའ་ལ་ཡེ་ནས་དུག་མི་མངའ༔ རང་བཞིན་\nམེད་པའི་དབྱིངས་སུ་དག་གྱུར་ཅིག ཁྲུས་སྔགས་དང་། ༀ་ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆུ་འདི་འཇིག་རྟེན་དུག་གི་ཕ་ཡིན་ཏེ༔ ཆུ་འདི་འཇིག་རྟེན་དུག་གི་མ་ཡང་",
"type": "text",
"url": null
}
],
"role": "assistant"
}
] | 547 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170139.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། རྡུལ་ཕྲན་གཏོར། ། དེ་བས་མ་འདུག་སྒོམ་མེད་ཀློང་དུ་དེངས། ། ཨོཾ་མ་ཧཱ་གུ་རུ་སྭ་བྷཱ་ཝ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ། སྲུང་འཁོར་ནི། ཧཱུྃ། བླ་མའི་\nཐུགས་ལས་ལས་བཞིའི་ཕྱག་མཚན་འཕྲོས། ། སྟེང་འོག་ཕྱོགས་མཚམས་བར་མེད་ཁྱབ་པར་གཏམས། ། ནང་རྣམས་ཏིང་འཛིན་མི་ཤིགས་གོ་ཆར་ལྡན། ། རྒྱུད་འཛིན་གྲྭ་\nསློབ་བཛྲ་རཀྵ་བྷྲཱུྃ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཕྱི་མཆོད་རཏྣའི་སྣོད་མཆོག་རྒྱ་ཆེ་དབུས། ། ནང་བཅུད་དཔག་ཡས་ཀུན་བཟང་མཆོད་སྤྲིན་གཏིབ། ། ནང་མཆོད་སྨན་\nགཏོར་རཀྟའི་ལྷ་མོ་འཕྲོས། ། གསང་མཆོད་བདེ་སྟོང་སྦྱོར་སྒྲོལ་བླ་ན་མེད། ། སྤྱན་གཟིགས་མཆོད་པ་མཎྜལ་ཕུན་སུམ་ཚོགས། ། དོན་མཆོད་བསྒོམས་མེད་བློ་འདས་\nལྷུན་གྲུབ་གྱུར། ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ། བྱིན་དབབ་པ་ནི། སྤོས་བསྲེག་དར་ཚོན་གཡབ། རོལ་མོ་དཀྲོལ། སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ཧཱུྃ། འོག་མིན་ཕྱོགས་བཅུའི་ཞིང་ཁམས་",
"type": "text",
"url": null
}
],
"role": "assistant"
}
] | 573 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160628.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ རྐང་གླིང་སྔོན་དུ་ལན་གསུམ་བཏང་། དེ་ནས་ཞྭ་གོས་སྦྲེང་འཆོར་རོལ་མོ་དང་བཅས་རུ་དར་བསྒྲེངས། གཏོར་ཆེན་བཏེག སེར་སྦྲེང་གྱིས་མདུན་བསུས་ལ་སློབ་དཔོན་གྱིས་རྟིང་བདས་ནས་\nའཕེན་སར་འབྱོར་བ་དང་སློབ་དཔོན་གྱི་ཕྱག་ཏུ་དར་ནག་དང་གསེར་སྐྱེམས་ཕུལ་ལ། སྤྲོན་འཆམ་སྟབས་དང་བཅས། ཨོཾ་ཨཱ༔ཧཱུྃ༔ གཏན་གྱི་སྐྱབས་གནས་དཀོན་མཆོག་རྩ་གསུམ་ལྷ༔ མཆོད་པར་འོས་པ་\nའཇིག་རྟེན་དྲེགས་པའི་ཚོགས༔ མ་ལུས་འཁོར་བཅས་གསེར་སྐྱེམས་མཆོད་པ་བཞེས༔ དེང་འདིར་རྣལ་འབྱོར་བདག་གི་གཟུ་དཔང་མཛོད༔ ལན་གསུམ། བདེན་རྫུན་གཟུ་དཔང་\nགསོལ་བནི། ཧཱུྃ༔ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རིག་འཛིན་ལྷ༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ཤིག༔ རིན་ཆེན་གསེར་སྐྱེམས་གཉེན་པོ་འདི་བཞེས་\nལ༔ མ་ཉེས་གཟུ་དཔང་མཛོད་ཅིག་ཐུགས་དམ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཧཱུྃ༔ ཡི་དམ་ཆེ་མཆོག་ཕྱི་ནང་གསང་བའི་ལྷ༔ མཁའ་འགྲོ་དམ་",
"type": "text",
"url": null
}
],
"role": "assistant"
}
] | 567 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180423.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གོ ༑དེ་གོ་ནས་སྡུག་ཆགས་མ་ལངས་ན། །བརྟན་ཚེ་རབས་མནར་མེད་ཅི་ལ་སྒྲུབ། །དེ་བསྒྲུབས་ནས་བདུད་དུ་མ་སྐྱེས་ན། །ཆོས་སངས་རྒྱས་བསྟན་པ་སུ་ཡིས་རྩུབ། །དེ་\nབསྣབས་ནས་ཐར་མེད་མ་སྐྱེས་ན། །དུས་ཕྱི་མཇུག་འཕྲོ་མཐའ་ཅི་ལ་གཙང་། །དེ་གཙང་ནས་བསྟན་པ་མ་དར་ན། །བཀའ་རྡོ་རྗེ་ཐེག་པ་ཅི་ལ་ཞུ། །དེ་ཞུ་དགོས་འབྲས་བུ་སྨིན་\nལུགས་ཡིན། །མི་ཁོ་བོ་དེ་རིང་བློ་རེ་བདེ། །གཏེར་འབྲེལ་ཚད་དོན་ལྡན་ཡིད་བཞིན་ལོན། །བདག་འཚེང་བའི་ནོར་བུ་འདི་ལ་ཟེར། །དགོན་ཆགས་སྡང་ཅན་དེའི་སྐུ་གླུད་\nབླངས༑ ༑གྱོད་ཕུང་བའི་རྫས་ངན་དེ་ལ་ཟེར། །གཏེར་ཟབ་མོའི་ཆོས་འདི་ལྷོང་ཚད་ཆེ། །རྐྱེན་ཆགས་སྒོ་ཁུར་རོགས་ཐུགས་ལ་བཏགས། །དུས་དེ་རིང་རྐྱེན་ངན་མ་བླངས་ན། །\nགྱོད་ཆགས་སྒོའི་བྱུར་དུ་སྡུད་བསམ་མེད། །ནོར་ཕྱུག་པོ་འདོད་དེར་བསྣན་རོགས་ལ། །སང་ཕར་ལམ་འཕེལ་རྟགས་མངོན་ཏེ་འོང་། །དུས་ད་ལན་སྐུ་ཁམས་བདེ་བར་བཞུགས། །",
"type": "text",
"url": null
}
],
"role": "assistant"
}
] | 532 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180696.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཀྱི་ཐ་མར་ཡང་ངོ་མཚར་སྣང་ལ། ད་ཆ་གཡང་རྩེ་རྫོང་ཁོངས་སུ་ཟབ་ཆོས་འདི་གའི་རྩ་བ་བཙུགས་ཐུབ་པའང་ཆོས་བདག་རྣལ་འབྱོར་པ་འདི་ཉིད་ཀྱི་བདག་རྐྱེན་ལ་བརྟེན་ནས་བྱུང་བར་\nམངོན་ནོ། རྗེ་གཏེར་ཆེན་ནས་ཀྱང་ཐུགས་དགྱེས་པ་ཆེན་པོས་སྒྲུབ་བརྩོན་ངག་དབང་རྡོ་རྗེ་སོགས་ལ་ཞལ་གདམས་སུ་བསྩལ་བ་ནན་ཏན་ཉེར་གཅིག་གི་གདམས་པ་སོགས་བསྩལ་བ་ད་\nཆ་བཞུགས་བཞིན་པ་ལགས་སོ།། །། གཏེར་ཆེན་ཡབ་སྲས་ཐུགས་རྗེས་བཀའ་དྲིན་ལས། །གཡང་རྩེའི་ཡུལ་འདིར་དགོངས་འདུས་སྙིང་པོ་ཡི། །ས་བརྟོལ་ལྗོན་པའི་རྩ་བ་ལེགས་\nཚུགས་པའི། །ཡལ་འདབ་ཕྱོགས་ཀྱི་ཐ་གྲུར་གདལ་འདི་རྨད། །གཏད་མེད་རི་ཁྲོད་འགྲིམ་པ་ཕྱི་རྣལ་འབྱོར། །གོས་དཀར་ལྕང་ལོ་མ་བཅོས་ཆས་རྣལ་འབྱོར། །རང་བབ་གཉུག་མ་\nསྐྱོང་བས་སེམས་རྣལ་འབྱོར། །མིང་གི་མ་ཡིན་དོན་ཀྱི་རྣལ་འབྱོར་ཡིན། །ཞེས་གཏེར་ཆེན་པད་རྒྱལ་གླིང་པའི་རྣམ་ཐར་ཉུང་ངུར་བསྡུས་པ་ལས། བླ་མ་རྣལ་འབྱོར་པ་དང་ཆོས་\nབདག་གི་རྟེན་འབྲེལ་ལེགས་འགྲིགས་བྱུང་བའི་སྐབས་དེ་ཉེར་དྲུག་པའོ།། །། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་སྤ་གྲོ་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་གཏེར་",
"type": "text",
"url": null
}
],
"role": "assistant"
}
] | 622 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160025.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ངེས་དོན་དང་སྙིང་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ༔ ཀིཾ༔ སེམས་དཔའ་པདྨའི་སྤྱན་གྱིས་སླར་ཞུས་པ༔ དེ་བཞིན་ཡང་དག་ཐུགས་མཆོག་ཇི་ལྟར་འཛིན༔ ཞེས་གསོལ་\nསྟོན་པ་འོད་སྣང་མཐའ་ཡས་ཀྱིས༔ བརྗོད་མེད་ཆོས་ཉིད་རང་སྒྲས་འདི་སྐད་གསུངས༔ ཧཱུྃ༔ ཆོས་རྣམས་མེ་ལོང་ཡེ་ཤེས་ཀློང་ཡངས་ལས༔ རྡོ་རྗེ་ཁྲོས་པས་ཞེ་སྡང་དབྱིངས་སུ་\nགཅོད༔ གཟུང་འཛིན་རྟོག་ཚོགས་དབྱིངས་སུ་བསྒྲལ་བ་ལས༔ གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཏུ་རྫོགས༔ ཡང་དག་སངས་རྒྱས་སྒྲུབ་པ་གཅིག་པུ་ཉིད༔ ཡང་སངས་སངས་\nརྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་བྱ་བ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་ཏི་ལ་ཀཿ ལོངས་སྐུའི་རོལ་རྩེལ་ཡེ་ཤེས་སྒྱུ་མའི་ཚུལ༔ སྤྲུལ་སྐུ་ཡང་\nདག་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ སངས་རྒྱས་སེམས་ཅན་མཉམ་སྦྱོར་བདེ་ཆེན་ཉིརཿ ཿསྲིད་ཞི་ཀུན་ཁྱབ་རྟག་པ་དེ་ཁོ་ན༔ ཆོས་དབྱིངས་རྣམ་དག་རང་བྱུང་ཡེ་ཤེས་",
"type": "text",
"url": null
}
],
"role": "assistant"
}
] | 514 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160625.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མཛོད༔ ཨོ་ཧེ་རུ་ཀ་ཀྲོ་ཏི་ཤྲཱི་ཙཎྜ་ཨ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི༔ གཏོར་མ་ཕུལ། སྡེ་བརྒྱད་གསེར་སྐྱེམས་འདོན། སྒོ་ཕྱི་རུ་གསེར་སྐྱེམས་གཏོར་ཞིང་། ཧཱུྃ༔ ཕྱོགས་\nབཅུར་བཞུགས་པའི་རྒྱལ་བ་རིག་འཛིན་ལྷ༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ཤིག༔ རིན་ཆེན་གསེར་སྐྱེམས་གཉེན་པོ་འདི་བཞེས་ལ༔ མ་ཉེས་གཟུ་དཔང་\nམཛོད་ཅིག་ཐུགས་དམ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཧཱུྃ༔ ཡི་དམ་ཆེ་མཆོག་ཕྱི་ནང་གསང་བའི་ལྷ༔ མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་\nརྣམས༔ རིན་ཆེན་གསེར་སྐྱེམས༴མ་ཉེས་གཟུ་དཔང༴དེང་འདིར་རྣལ་འབྱོར༴ ཧཱུྃ༔ དམ་ཅན་གཏེར་སྲུང་ལས་ཀྱི་རྫུ་འཕྲུལ་ཅན༔ དྲག་རྩལ་འཆང་བའི་མྱུར་\nམགྱོགས་ཕོ་ཉ་རྣམས༔ རིན་ཆེན་གསེར་སྐྱེམས༴མ་ཉེས་གཟུ་དཔང་མཛོད་ཅིག་ཐུགས་དམ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཧཱུྃ༔ ལྷ་སྲིན་སྡེ་",
"type": "text",
"url": null
}
],
"role": "assistant"
}
] | 533 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160654.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཤེས་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ཧཱུྃ་ནག་དྲག་རྩལ་ཐུགས་མཆོག་རྡོ་རྗེ་དང་། །\nལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །གསང་བའི་བདག་པོ་རིག་\nའཛིན་རྡོ་རྗེ་ཆོས༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་མཆོག༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ཚེ་རབས་ལྷ་སྐལ་མཇལ་བར་བྱིན་གྱིས་༔\nརློབས༔ བསྟན་པའི་བྱ་ར་ཆོས་སྐྱོང་གཏེར་སྲུང་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ དགེ་ཆོས་ལམ་དུ་སློང་བར་བྱིན་གྱིས་རློབས༔ སྨུག་པོ་ལྷ་རྩེ་ཐུགས་ཀྱི་\nགནས་མཆོག་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ཚོགས་བསགས་སྒྲིབ་པ་བྱང་བར་བྱིན་གྱིས་རློབས༔ བདག་གཞན་འགྲོ་བ་སེམས་ཅན་མ་ལུས་ཀུན༔ འདི་",
"type": "text",
"url": null
}
],
"role": "assistant"
}
] | 504 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180710.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཡིན་ཁྱེད་རང་གཏེར་ཁ་གོང་མའི་བཀའ་བབ་དང༌། འོག་མིའི་ཆོས་བདག་ཞིག་ཡིན་ཚོད་རེད། ད་རེས་ཐོག་མར་ཚུར་ཞུ་བའི་རྟེན་འབྲེལ་མ་འཆུག་པ་བྱེད་དགོས། ངས་ང་རང་གི་\nགཏེར་ཆོས་དེ་ང་རང་གིས་རྩ་ཆེན་ཞིག་ལ་བརྩི་གྱིན་ཡོད། དེ་ཞུ་བ་ལ་ཕྱག་ཡང་འཚལ་དགོས་ཡོང༌། ཁ་དར་ཡང་འབུལ་དགོས་ཡོང་། ལག་སྟོང་པའི་སྒོ་ནས་ཞུས་མི་\nརུང་༑ མཎྜལ་ཡང་འབུལ་དགོས་ཡོང་གསུང་བས། ངས་བླ་མ་ལ་བརྙས་ཐབས་ཤོར་བ་འདྲ་སྙམ་ནས་ངོ་ཚ་བ་དང་ལམ་སང་ལངས་ཏེ་མཁྱེན་བརྩེས་སྐུ་མདུན་དུ་རྒྱུག་ནས་ཁ་དར་\nཞིག་ཞུས། མཎྜལ་གྱི་དོད་ཤོག་ཆགས་ཤིག་རྒྱབ་ནས་ཚུར་ཡོང་སྟེ་ཕྱག་གསུམ་འཚལ་ནས། ད་ཆ་ང་ནོར་སོང་ཞེས་ནོངས་པ་ངོས་ལེན་དང་བཅས་ཏེ། མ་འོངས་པར་གཏེར་གསར་\nརྣམས་གནང་རོགས་ཞུས། དེ་ནས་ཁོང་གིས་དེ་རིང་དགོང་མོ་འདིར་བཀའ་ཆོས་སོགས་ཡོད་དམ་གསུངས། རྒྱུན་ལྡན་དུ་ང་ཚོ་མཁྱེན་བརྩེའི་གཟིམ་ཆུང་ནང་། ཞབས་འགྲེང་དུ་\nསྡོད་དགོས་རྒྱུ་ཡོད་ཀྱང་དེ་དུས་འབྲུག་རྒྱལ་ཡུམ་སྐུ་གཞོན་ཨ་ཞེ་སྐལ་བཟང་ཡུམ་སྲས་ཀྱིས་གསར་བཞེངས་བྱས་པའི་བུམ་ཐང་སྐུ་རྗེས་བཀའ་བརྒྱད་ལྷ་ཁང་དུ། གཟུངས་འབུལ་དང་",
"type": "text",
"url": null
}
],
"role": "assistant"
}
] | 588 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180648.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བསྒྱུར་བའི་སྐོར་ཏེ་བཅུ་བདུན་པའོ།། །། དེ་རྗེས་ཕྱོགས་གཅིག་ནས་གདུལ་བྱ་ཕྱོགས་མེད་དུ་སྐྱོང་བའི་དུས་ལ་བབ་པ་དང༌། རྐྱེན་གཞན་གསང་གྲོགས་ངན་པ་སྒྲོལ་དཀར་ཞེས་པ་\nཞིག་དང་འཕྲད་ནས་ཐུགས་སུན་བཟོས་པས། ཞབས་ཕྱི་གྲྭ་འཇམ་དབྱངས་འཁྲིད་ནས་སྐུ་ཆས་གཙོ་ཆེ་རྣམས་བསྣམས་ཏེ་གསང་སྟབས་སུ་གནས་བརྟན་མཆོག་གླིང་བཞུགས་ཡུལ་དུ་\nགཏད་ནས་ཕེབས། དེ་ནུབ་ས་རུབ་སྐབས་སུ་འབྱོར་ཞིང་དེ་རིང་མཆོག་གླིང་གི་སྐུ་མདུན་དུ་འགྲོ་ན་རྟེན་འབྲེལ་མི་ལེགས་པས་འདི་གར་བསྡད་ནས་སང་ཞོགས་པར་བཅར་རྒྱུ་ཡིན་\nགསུངས་ནས་དབུ་གུར་བསྒྲོན་ཏེ་དེར་བཞུགས། སང་ཉིན་བླ་མ་དཔོན་སློབ་ཁ་ཤས་མར་ཕེབས་ནས་ཁྱེད་གཉིས་གང་ནས་ཡོང་སོགས་དྲིས། གནས་སྐོར་ལ་ཡོང་བ་ཡིན་ཞེས་\nགསུངས་པས་ཁྱེད་རང་བླ་མ་འདྲ་ཡིན་ནམ། དཔེ་ཆ་གསར་པ་འདྲ་ཡོད་དམ་ཞུས་པས་དེ་འདྲ་མེད་གསུང་བས། མཚམས་པ་འཇམ་དབྱངས་ལངས་ནས་གུས་པ་དང་བཅས་ཏེ་ཡོད་\nཅེས་ཚིག་བདུན་བླ་སྒྲུབ་ཕྱག་ལ་ཕུལ་བས་དེ་མ་ཐག་གཟིགས། ད་དུང་གཅིག་ཡོད་དམ་གསུངས་པས་ཚེ་སྒྲུབ་ཁ་ཐོན་དུ་ཡོད་པའང་ཕུལ་བས་ཕྱག་དཔེ་དབུ་ལ་བཞག་ནས། ཁྱོད་པད་",
"type": "text",
"url": null
}
],
"role": "assistant"
}
] | 601 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160012.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྂ༔ བླ་མའི་ཐུགས་སྒྲུབ་སྐུ་གསུམ་དགོངས་འདུས་ལས༔ གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་\nཔདྨའི་སྙིང་པོའི་རྒྱུད་ཅེས་བྱ་བ་བཞུགས་སོ༔",
"type": "text",
"url": null
}
],
"role": "assistant"
}
] | 104 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150595.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གསལ་བར་བསྒོམ༔ ཞེས་ཡབ་རྐྱང་ལས་ཡུམ་མ་གསལ་ཡང་། བསྙེན་དམིགས་ལས། རང་ཉིད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི། ཐུགས་ཀར་ཧྲཱིཿདང་ཏཱཾ་ཡིག་གསལ་བའི་\nམཐར༔ ཞེས་ཡུམ་ཡོད་པ་དངོས་སུ་གསལ་ལ་དེ་བཞིན་ཐུགས་རྗེ་ཆེན་པོ་དེའི་ཕྱོགས་བཞིར་ཁ་སར་པ་ནི་དང་ས་སྙིང་ནམ་མཁའ་རྒྱལ་པོ། འཁོར་བསྒྱུར་བཞི་དང༌། ཡང་གཏེར་གཞུང་\nལས༑ མཚམས་བཞི་པད་འདབ་ཚོམ་བུའི་གདན་སྟེང་དུ༔ རྒྱལ་ཡུམ་སྒྲོལ་མ་དཀར་སེར་དམར་ལྗང་མཐིང་༔ མཚམས་བཞིའི་པད་འདབ་ལ་སྒྲོལ་མ་བཞི་ཡོད་པར་དངོས་སུ་\nགསལ༑ རྒྱལ་ཡུམ་སྒྲོལ་མ་དཀར་སེར་དམར་ལྗང་མཐིང་ཞེས་པའི་གནས་གསལ་བར་མ་བསྟན་ཡང་སྒྲོལ་མ་ལྔ་ཡོད་པར་བསྟན་པ་བཞིན་འདིར་དབུས་སུ་སངས་རྒྱས་རིགས་ཀྱི་སྒྲོལ་མ་\nམཐིང་ཀ་ཡོད་པར་ངེས་ཏེ། དེ་རྣམས་ཐམས་ཅད་གཡས་མཆོག་སྦྱིན་དང་གཡོན་སྐྱབས་སྦྱིན་ཞབས་འགྲེང་སྟབས་སུ་ཡོད་པར་གསུངས་པར་དཔྱད་པས། གཙོ་བོའི་གཡོན་ཕྱོགས་སུ་",
"type": "text",
"url": null
}
],
"role": "assistant"
}
] | 510 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180651.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ནས། འབྲོང་པའི་བེ་ཧུ་ཁྲི་རྒྱལ་སོགས་ནང་ཆེན་གྱི་དཔོན་ཆེན་མང་པོས་ཀྱང་ཞབས་ལ་གཏུགས། བེ་ཧུའི་ནང་ཚན་ཡིན་པའི་རིགས་ལྡན་མ་ཞིག་ཀྱང་ཕྱག་\nརྒྱར་བཞེས་ཤིང་རིགས་སྲས་མ་ཞིག་ཀྱང་བྱུང་ཟེར། ནང་ཆེན་སྐྱོ་བྲག་ནས་ཡིན་པའི་ཡོངས་གྲགས་གྲུབ་ཐོབ་ཆེན་པོ་སྙོ་ག་མི་འགྱུར་རིན་པོ་ཆེས་ཀྱང་། གསུང་རྩོམ་གེ་སར་གཡུལ་\nབཟློག་ལས། པདྨའི་རྒྱལ་ཚབ་པད་རྒྱལ་གླིང་པ་ཡི། །ཞེས་སོགས་གུ་རུ་པདྨའི་རྒྱལ་ཚབ་ཡིན་ཚུལ་གྱི་མཚན་བསྟོད་ཆེར་གནང་ཞིང་གུས་བཀུར་རྒྱ་ཆེར་མཛད་འདུག་པས་མཚོན་མི་\nཆེན་དང་བླ་ཆེན་མང་པོས་ཁོང་གི་ཞབས་ལ་གཏུགས། རྒྱུ་འབྲས་གཙོ་བོར་བྱས་པའི་ཆོས་བཤད་དང་། སྨིན་གྲོལ་ཆོས་འཁོར་བསྐོར་བའི་ཡུལ་སྡེ་མང་པོར། རི་རྒྱ་རྔོན་ཁྲིམས་\nབསྡམས་པ་དང་། ཆང་རག་དུ་ནག་གཅོད་པ་སོགས་གྲངས་ལས་འདས་པ་བྱུང་། སྲོག་གཅོད་སྤང་བ་ཚེ་ཐར་བཏང་བ་སོགས་ཉམས་ཐག་པའི་སེམས་ཅན་མང་པོར་མི་འཇིགས་པ་\nསྐྱབས་ཀྱི་སྦྱིན་པ་མཛད་པ་སོགས་བསྟན་འགྲོར་ཕན་བདེ་རླབས་ཆེན་བསྐྲུན་པར་མཛད་དོ། །དེ་ནས་མཆོག་གླིང་རིན་པོ་ཆེ་སྐུ་འཁོར་བླ་བྲང་དང་བཅས་པ་རྒྱ་བལ་དུ་ཕེབས་གཏན་ཁེལ་",
"type": "text",
"url": null
}
],
"role": "assistant"
}
] | 588 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150651.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །པའི་ཕྱིར་ན་མཐའ་གཅིག་ཏུ་འགལ་བའམ། ཡང་རྫོགས་ཆེན་གྱི་མན་ངག་ཁྱད་པར་བ་རྣམས་ཀྱང་འདི་དག་དང་བསྣོལ་བཤད་བྱེད་པ་ནི་ཐོས་པ་ཆུང་བའི་སྐྱོན་\nཡིན་ནོ། །གཉིས་པ་དངོས་གཞི་ལ་ལྔ། གཡོ་ཉམས་ལ་མཚང་བཙལ་བ། ཐོབ་ཉམས་ལ་ངོ་སྤྲོད་ཅིང་བརྡར་ཤ་གཅོད་པ། གོམས་ཉམས་ལ་བོགས་འདོན་བྱེད་པ། བརྟན་ཉམས་ལ་གོལ་\nས་གཅོད་པ། མཐར་ཕྱིན་ལ་གཞི་རྩ་ཆོད་ནས་ལ་བཟླ་བའོ། །དང་པོ་ནི། རྩ་བར། དེ་ལ་གཡོ་ཉམས་རིག་རིག་ཏུར་ཏུར་འཆར། །བྱུང་གནས་འགྲོ་གསུམ་སེམས་ཀྱི་མཚང་བཙལ་\nཏེ༑ ༑ཞེས་པས་སྔར་རླུང་སྦྱོར་ལ་བསླབས་པའི་ཐུན་མཚམས་ཐམས་ཅད་དུ་དམིགས་རྐང་རེ་རེ་རྫོགས་པའི་རྗེས་སུ་རླུང་བཟུང་བཞིན་པའི་ངང་ནས་འདས་པར་མི་མནོ། ད་ལྟ་བར་མི་དཔྱད།\nམ་འོངས་པ་མི་འགུག་པའི་ངང་དུ་ལྷོད་དེ་བཞག་པས། རྣམ་རྟོག་གཅིག་གི་སྟེང་ལ་གཅིག་བྲེང་མ་ཆད་པར་རྒྱུ་བ་ཤུགས་དྲག་ལ་བློས་ཚད་བཟུང་མེད་པ་ཞིག་སྐྱེ། དེའི་ཚེ་ད་བསྒོམས་ནས་",
"type": "text",
"url": null
}
],
"role": "assistant"
}
] | 511 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180740.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གྲུབ་མི་འདུག་ལ། བར་དེར་སྨྱོ་ཤུལ་མཁན་རིན་པོ་ཆེ་འཇམ་དབྱངས་རྡོ་རྗེ་མཆོག་གིས་གསོལ་བ་བཏབ་པ་བཞིན་བུམ་གཏེར་ཆ་ལག་དང་ཚེ་དབང་རྒྱས་པ་སུན་བཟློག་སོགས་ཆོག་\nཁྲིགས་མཛད་པ་ཞིག་དང་། སློབ་དཔོན་བསོད་ནམས་རྡོ་རྗེས་བསྐུལ་མ་མཛད་པ་བཞིན་རྟེན་འབུལ་ཞིག་བཅས་མཛད་འདུག་པ་རྗེས་འཇུག་གདུལ་བྱ་ཕྲིན་ལས་རྒྱས་པའི་མཐའ་རྟེན་\nབཀྲ་ཤིས་ལ་དགོངས་པར་སྙམ། གང་ལྟར་སྤ་གྲོ་རིན་སྤང་རྫོང་དུ་སྐྱབས་རྗེ་མཁྱེན་བརྩེའི་བཀའ་དགོངས་བཞིན། དགོན་པའི་སྤྱི་རིམ་དུ་སྲི་ཟློག་རཀྴ་ཐོད་ཕྲེང་ཉིན་བདུན་རིང་\nབསགས་སྒྲུབ་ཀྱིས་ཚེས་ཉེར་དགུ་ཉིན་གཏོར་འཕང་མཛད། ཚེས་སུམ་ཅུའི་ཉིན་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཕེབས་ནས་རཀྴ་ཐོད་ཕྲེང་གི་དབང་ཆེན་གནང་། སྐབས་དེར་སྐྱབས་\nརྗེ་མཁྱེན་བརྩེའི་ཞལ་སྔ་ནས་གཏེར་སྟོན་མཆོག་ལ་ད་ངེད་གཉིས་ལོ་ནའང་ཆེན་པོ་སོང་ཙང་འགྲིམ་འགྲུལ་གྱི་ལམ་ཁ་མེད་པས་ཐག་རིང་ལ་མ་ཕེབས། སྙུང་ན་དཀའ་ལས་ཁག་པོ་\nཡོང་གི་རེད་གསུང་། དེར་མ་ཟད་ང་དང་ཐག་རིང་དུ་མ་འགྲོ་མཚམས་མཚམས་ངེད་ལའང་ཁྱེད་དགོས་པ་ཡོང་གྱི་རེད་ལ་ཁྱེད་ལའང་ང་དགོས་པ་ཡོང་གྱི་རེད་ཅེས་ཞལ་བགོས་མཛད་",
"type": "text",
"url": null
}
],
"role": "assistant"
}
] | 616 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180344.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ས། །ཞིང་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས། །དོན་ཟབ་མོ་གསང་སྔགས་འབྱིན་པའི་གླིང་། །ཡུལ་མ་བཅོས་རྡོ་རྗེ་ཐེག་པའི་གནས། །ལམ་མ་\nབསྒོམ་སངས་རྒྱས་འགྲུབ་པའི་ས། །ཕ་པད་འབྱུང་བྱིན་རླབས་སྦས་པའི་ཡུལ། །གནས་མངོན་དགའི་ཡ་མཚན་ལྡན་པ་དེ། །ཞིང་མཁའ་སྤྱོད་ཙཱ་རི་མ་ལགས་སམ། །གནས་\nའདིར་འཁྲུངས་སྐལ་ལྡན་ཕོ་མོ་རྣམས། །ལྷ་དཔའ་བོ་མཁའ་འགྲོའི་ཚུལ་དུ་གྲུབ། །རྒྱུ་བསོད་ནམས་བསགས་པས་སྐྱེ་ཚུལ་ཡིན། །རི་ཁོར་ཡུག་ལྕགས་རིས་གཏུམས་འདྲ་\nའདི༑ ༑ལྷ་ཞི་ཁྲོ་རབ་འབྱམས་ཚོགས་ཁང་ཉིད། །གནས་ངོ་མཚར་ཆེའོ་བརྟན་པར་བཞུགས། །ཡིད་དགའ་སྟོན་གླུ་ཡི་གར་མཆོད་འདི། །གནས་དག་པ་ཤྲཱི་མཉེས་ཕྱིར་འབུལ། །\nཡུལ་ཕྱོགས་ཀུན་བཀྲ་ཤིས་དགེ་ལེགས་ཤོག །ན་མོ། གནས་སྤྱི་གཙུག་འཁོར་ལོའི་རྩེ་མོ་རུ། །མཚན་བརྗོད་པར་དཀའ་བའི་དྲིན་ཅན་རྗེ། །ཕ་ཟླ་བྲལ་གུ་རུ་པདྨ་འབྱུང་། །དྲིན་",
"type": "text",
"url": null
}
],
"role": "assistant"
}
] | 527 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160635.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དབྱིངས་ཀྱི་ཕོ་བྲང་ནས༔ གཟའ་མཆོག་དུག་གདོང་འབར་བའི་ལྷ་ཚོགས་དགོངས་སུ་གསོལ་ལོ༔ དྲག་ཤུལ་རྔམ་བརྗིད་རོལ་པའི་དུར་ཁྲོད་\nནས༔ ཤ་ཟ་ཁྲོ་མོ་རིགས་བཞིའི་ལྷ་ཚོགས་དགོངས་སུ་གསོལ་ལོ༔ གངྒཱ་རྦ་ཀློང་འཁྲུགས་པའི་གནས་མཆོག་ནས༔ གཏེར་སྲུང་ཀླུ་ཡི་དགེ་བསྙེན་དང་གཞན་ཡང་ཕྱི་\nནང་གསང་བའི་ལྷ་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ་ལོ༔ ཧོཿ ཞིང་བཅུ་ཚང་བའི་བསྟན་པའི་སྤྱི་དགྲ༔ དཔལ་ལྡན་བླ་མ་དམ་པའི་སྐུ་དགྲ༔ རྣལ་འབྱོར་པ\n་བདག་ལ་ཚད་བཙུགས་ཤིང་ཡ་བོ་འཛིན་པ༔ དམག་སྣ་རྐུན་སྣ་སྟོན་པའི་དགྲ་བོ་བྱད་མ༔ ངོ་ལོག་རྒྱབ་སྟོན་བྱེད་པ༔བཀའ་ལས་འགལ་ཞིང་དམ་ལས་ལོག་པ༔ མི་མེད་\nལྷ་མེད་ཟེར་བ༔ བསམ་ངན་སྦྱོར་རྩུབ་འཆང་བ༔ བརྣག་པའི་དམ་ཉམས་དགྲ་བགེགས་འདི༔ ལོ་ཟླ་ཞག་དུས་མ་བཞག་པར་དྲག་པོ་བཀའ་ཡི་གཏོར་མ་འདི་དང་མཉམ་པོར་",
"type": "text",
"url": null
}
],
"role": "assistant"
}
] | 482 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160390.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ལྟོགས་འགོང་ཚོགས༔ དབུས་ཀྱི་རི་རབ་ལྷོ་ཕྱོགས་འཛམ་གླིང་འདིར༔ སྤྱི་མཐུན་ཆོས་ནོར་ལོངས་སྤྱོད་སྤེལ་བ་ལ༔ རང་རང་ལས་ཀྱི་དབང་གིས་མི་འཚམས་\nཔའི༔ དབུལ་སྲི་མི་ལ་བསེ་རག་ཅེས་བྱ་བ༔ གང་གི་རྒྱུ་ནི་སེར་སྣའི་རང་གཟུགས་ཏེ༔ རྐྱེན་ནི་རྒྱུ་མཐུན་ཡི་དྭགས་ཡིད་ཀྱི་ལུས༔ སྣ་ཚོགས་གཟུགས་སུ་བརྫུ་ཞིང་དཔལ་\nགཡང་རྐུ༔ སྣོད་བཅུད་རྟེན་འབྲེལ་ལེགས་ཚོགས་སྤེལ་བ་ལ༔ བྱུར་དང་མི་ཁ་གོད་ཁ་གང་སྟོང་སོགས༔ རྣམ་ཀུན་བར་ཆད་སྣ་ཚོགས་རྒབ་འདྲེ་སྡང་༔ ལྟོགས་འགོང་\nདབུལ་སྲི་འབྱང་པོའི་སྡེ་ཚོགས་ཀུན༔ ཚྭ་རམ་སྒོག་གཡེར་ལ་སོགས་མི་ཁའི་རྫས༔ རང་རང་ཡིད་མཐུན་ཡས་རྟགས་འདི་ལོངས་ལ༔ ལན་ཆགས་བུ་ལོན་འབྲེལ་ཐག་ཆོད་\nཔར་གྱིས༔ མྱུར་དུ་མཐའ་ཡས་རྒྱ་མཚོའི་ཕ་མཐར་སོང་༔ བསྒོ་བའི་བཀའ་ལས་འདའ་ན་ལུས་ངག་ཡིད༔ ཡི་དམ་དྲག་ཏུ་ཁྲོས་པའི་ཏིང་འཛིན་གྱིས༔ རྡུལ་ཕྲན་བཞིན་དུ་",
"type": "text",
"url": null
}
],
"role": "assistant"
}
] | 500 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180673.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བཅས་པ་བཞེངས། ཐེངས་གཅིག་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་སྔ་འགྱུར་ཐེག་མཆོག་རྣམ་གྲོལ་གླིང་དུ་གདན་དྲངས་པར་མཛད་ཅིང་དེར་སྒྲུབ་\nཆེན་དང་སྨན་སྒྲུབ་སོགས་ཀྱི་ཕྱག་ལེན་གནང་། དེའི་སྐབས་སུ་ཨ་ཞང་བླ་མ་ཞིག་ཡོད་པ་ཡང་ཡང་གཟིམ་ལམ་དུ་བྱང་། མཐར་སྨན་སྒྲུབ་གྲུབ་ནས་ཁྲོམ་དབང་འགྱེད་པའི་སྐབས་\nདུསུ་ཕྲུ་གུ་ཆུང་ཆུང་ནག་པོ་རྒྱ་གར་བ་དང་འདྲ་བ་ཞིག་གིས་ཁོང་གི་ལག་ནས་ཐོལ་གྱིས་བཟུང་སོང་བས། དེ་ཉིད་ཨ་ཞང་བླ་མའི་སྐུ་སྐྱེ་ཞིག་ཡིན་པར་དགོངས་ཏེ། སྐྱབས་རྗེ་གྲུབ་\nདབང་པད་ནོར་རིན་པོ་ཆེར་ཕྲུ་གུ་འདི་ངའི་ཨ་ཞང་བླ་མའི་སྐྱེ་བ་ཞིག་ཨེ་ཡིན་བསམ། ཁོ་གྲྭ་པར་འཛུད་རོགས་ཞུས་པས་རྗེས་སུ་གྲུབ་དབང་རིན་པོ་ཆེའི་དཔལ་ཡུལ་མཆོག་སྤྲུལ་ཁྲི་\nགསོལ་མཛད་སྐབས་སྤྲུལ་སྐུའི་མཚན་གསོལ་ནས་ཁྲི་འདོན་གནང་བ་ད་ལྟ་སྤྲུལ་སྐུ་ཀུན་དགའ་འདི་ཡིན་ཞེས་ཞལ་ལས་དངོས་སུ་ཐོས། དེའི་སྐབས་ཤིག་རྒྱལ་བ་འབྲི་གུང་བའི་ཆོས་\nབརྒྱུད་འཛིན་པ་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེའམ། ཡོངས་གྲགས་འབྲོང་པ་རྒྱལ་པོ་རིན་པོ་ཆེ་མཆོག་ནས་དད་མོས་ཆེར་གནང་ཞིང་སྐུ་ཕྲེང་གསོལ་འདེབས་ཞུ་བསྐུལ་མཛད་",
"type": "text",
"url": null
}
],
"role": "assistant"
}
] | 614 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180260.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ལྷ་ལྕམ་མནྡ་ར་བ་ཡིས། །ངོ་སྤྲོད་བརྡ་ཡི་དབང་རྫས་དཀྱིལ་འཁོར་ནི། །ཕྱག་གིས་ཡར་གཏེགས་ཞབས་གཉིས་བཞེངས་ནས་འདུག །དེ་ཚེ་མཁའ་འགྲོ་\nལྔ་ཡིས་ཞུས་ནས་སུ། །ཀྱི་ཧོ་རྡོ་རྗེ་ཆེ་བའི་མཆོག །མ་ཧཱ་གུ་རུ་དཔལ་རབ་བཞེངས། །གར་དགུ་སྟོང་ཉིད་སྙིང་པོ་ཡིས། །བརྡ་དེ་རྒྱུད་སྡེའི་དབང་མཆོག་སྩོལ། །ཡང་དག་དམ་\nཚིག་ལྡན་ལགས་སོ། །མཁའ་འགྲོ་རྣམས་ཀྱིས་དེ་ལྟར་ཞུས་པའི་ཚེ། །ཆེ་མཆོག་མ་ཧཱ་གུ་རུས་བཀའ་སྩལ་པ། ཧཱུྃ། རྡོ་རྗེ་སྙིང་པོ་བླ་མེད་ཀྱི། །ཡང་དག་ཆེན་པོའི་དོན་རྟོགས་\nཔ༑༑དེང་འདིར་རིགས་ཀྱི་སྐལ་ལྡན་ལ། །རྒྱུད་སྡེ་བླ་མེད་གཏེར་ཆེན་གྱི། །བསྐྱེད་རྫོགས་གྲོལ་བ་བརྡ་ཡི་དོན། །བཀའ་གཏད་དབང་བསྐུར་ཡོངས་རྫོགས་ཤོག །ཨོཾ་དྷ་སྭ་བྷཱ་ཝ་\nཨ་ཧཱུྃ་ཙིཏྟ་ཧྲཱི་ག་ག །སྐུ་ཡི་དབང་བསྐུར་བསྐྱེད་པ་ཐོབ། །གསུང་གི་དབང་བསྐུར་ཟུང་འཇུག་ཐོབ། །ཐུགས་ཀྱི་དབང་བསྐུར་རྫོགས་རིམ་ཐོབ། །ཡོན་ཏན་དབང་བསྐུར་འཆད་རྩོམ་",
"type": "text",
"url": null
}
],
"role": "assistant"
}
] | 566 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180028.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཞེས་པའི་དམོད་པ་བོར་ཏེ་ནང་དུ་ལོག །ཞག་གསུམ་ལོན་ནས་ཤམ་པོ་གངས་རིའི་རྩེར། །མེ་རླུང་འཚུབ་ཅིང་ཁུ་རླངས་ནག་པོ་ཞིག །ཕྱོགས་བཞིའི་\nདབྱིངས་ལ་ཤིན་ཏུ་འཕྱུར་བར་མཐོང་། །དེ་ནས་རྒྱལ་པོ་བློན་པོ་བཅས་པ་རྣམས། །ཡིད་མ་ཆེས་ཏེ་གནས་དེར་གཟིགས་པར་བྱོན། །སེངྒེ་དཀར་མོ་རྔམ་ཚུལ་ལྡན་ཞིག་གིས། ཁྱེའུ་\nདེ་ལ་ནུ་ཞོ་སྟེར་བར་བྱེད། །བྱ་རྒྱལ་ཐང་དཀར་རྒོད་པོས་གཤོག་པས་གཡོགས། །མཁའ་ལ་སྡིགས་མཛུབ་གཏད་དེ་ཅོག་གེར་འདུག །ཡབ་ཡུམ་འཁོར་འབངས་རྣམས་ཀྱིས་ཕྱག་\nམཆོད་བགྱིས། ཁྱེའུ་ཞལ་ནས་ཧཱུྃ་ཧཱུྃ་སིདྷ་ཞེས། །དེ་མ་ཐག་ཏུ་ཡུམ་གྱིས་གདན་འདྲེན་ཞུས། །ཡབ་ཀྱིས་ཡུམ་སྲས་གཉིས་ལ་འགྱོད་ཚངས་ཕུལ། །བཤགས་པ་སྣ་ཚོགས་བྱས་\nཤིང་ཞུ་བ་མཛད། །ཤམ་པོ་གངས་ལ་ལྷ་བསང་གསོལ་མཆོད་བརྩམས། །དེ་ནས་ཁྱེའུ་ནང་དུ་སྤྱན་དྲངས་ཏེ། །ཡུལ་མི་ཐམས་ཅད་བསྡུས་ནས་མངའ་གསོལ་མཛད། །མིང་",
"type": "text",
"url": null
}
],
"role": "assistant"
}
] | 517 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150148.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བསྐྱེད༔ བདག་པས་གཞན་གཅེས་སྟོང་ཉིད་སྙིང་རྗེ་ལྡན༔ མ་རིག་འཁོར་བའི་སེམས་ཅན་མ་ལུས་པ༔ ཡང་དག་མཆོག་ཏུ་འགོད་ཕྱིར་སྨོན་འཇུག་སེམསཿ དོན་དམ་གཉིས་མེད་\nབློ་བྲལ་བདེ་བར་གནས༔ ཞེས་པས་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཁོ་ན་ལ་རག་ལས་ཤིང་། དེ་ལ་སྨོན་འཇུག་དོན་དམ་གསུམ་ལས། སྨོན་པ་ནི། པདྨ་བརྩེགས་པའི་རྒྱུད་\nལས༑ སེམས་ཅན་དོན་ལ་སྨོན་བྱེད་པ། །རྫོགས་པའི་སངས་རྒྱས་མྱུར་ལམ་ཡིན། །ཞེས་པའོ། །འཇུག་པ་དང་དོན་དམ་སེམས་བསྐྱེད་ནི། མངོན་རྟོགས་རྒྱན་ལས། སེམས་\nབསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། འོད་སྲུང་གིས་ཞུས་པ། བཅོམ་ལྡན་འདས་སེམས་བསྐྱེད་ཆེན་པོ་ཞེས་པ་གང་ལགས། བཀའ་\nསྩལ་པ། དམིགས་པ་དང་བྲལ་བ་ནི་སེམས་བསྐྱེད་ཆེན་པོའོ། །ཞེས་གསུངས་པས། འདི་ལ་བཞི། སེམས་བསྐྱེད་རྒྱུད་ལ་བླང་བ། ཉམས་སུ་ལོངས་པའི་རྟགས་ཚད། མི་ཉམས་",
"type": "text",
"url": null
}
],
"role": "assistant"
}
] | 507 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150306.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཞིག་ཡིན་ནའང་བྱིན་རླབས་ཀྱི་རྩ་བ་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ། བླ་མ་དང་སངས་རྒྱས་འོད་དཔག་མེད་དམ་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་\nདུ་བསྒོམ་ཞིང་མོས་གུས་རྩེ་གཅིག་ཏུ་བྱས་ལ། ཡིད་ཀྱིས་གསོལ་བ་གདབ། བདེ་བ་ཅན་དུ་འགྲོ་བའི་ལམ་སྣ་དང་བསུན་མ་མཛད་པར་མོས་ལ་འཕོ་བ་སོགས་ལ་གོམས་འདྲིས་ཡོད་ན་དེར་\nགནད་དུ་བསྣུན་པར་བྱའོ། ། ད་ནི་ཞར་བྱུང་འཕོ་བའི་སྐབས་དོན་བཤད་པ་ལ་གསུམ་སྟེ། གང་ཟག་གི་ཁྱད་པར། འཕོ་བའི་དུས། འཕོ་བ་དངོས་དང་གསུམ་ལས། དང་པོ་གང་ཟག་\nནི༑ རབ་ཀྱིས་ཚེ་འདིར་གྲོལ་བར་མི་དགོས་པ་གོང་དུ་ཞུས་ཟིན་ལ། ཡང་རྩ་བའི་དམ་ཚིག་ཉམས་པའི་རིགས་ཅན་འགའ་ཞིག་ལ་ནི་འཕོ་བ་བཏབ་ཀྱང་མི་ཐེབ་སྟེ། བྱིན་རླབས་འཇུག་པའི་\nཡུལ་མེད་པའི་ཕྱིར་རོ། །འོ་ན་རྡོ་རྗེ་གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པ་རྡོ་རྗེ་",
"type": "text",
"url": null
}
],
"role": "assistant"
}
] | 517 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160489.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྦྱངས། བྷྲཱུྃ་ལས་གཏོར་གཞོང་རཏྣའི་གཞལ་ཡས་སུ༔ ཨོཾ་ལས་གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿ ཧཱུྃ། ལན་གསུམ་དང་ཧ་ཧོ་ཧིས་བྱིན་གྱིས་བརླབ་ལ། སརྦ་བྷུ་ཏ་ཨ་ཀཪྵ་ཡ་\nཛཿ ས་མགྲོན་བཀུགས། སརྦ་བྷིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་བསྔོས་ལ་ལས་བྱང་གི་བཀའ་བསྒོ་ཚིག་དང་། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་\nལོ༑ དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང་། ཏིང་ངེ་འཛིན་\nརྣམས་ཀྱི་བདེན་པ་དང་ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་ཆམོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདེན་\nཔ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས་དེང་འདིར་མི་མཐུན་པའི་ཚོགས་སྦྱོང་ཞིང་། ལེགས་པའི་ཚོགས་སྤེལ་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་",
"type": "text",
"url": null
}
],
"role": "assistant"
}
] | 525 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150087.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཐོན་ནས་དཀར་སེང་ངེར་སོང་བར་བསམ། དེ་བཞིན་གཡོན་ཕྱོགས་གོང་ལྟར་རླུང་རོ་བསལ་སྐབས། ངོ་བོ་ཉོན་མོངས་པ་འདོད་ཆགས་ལ། དེས་བསྐྱེད་\nཔའི་ནད་རླུང་དང་གྲང་བ། གདོན་མོ་གདོན་དང་བསེན་མོ། འདོད་སྲེད་དང་སེར་སྣ་གཙོར་གྱུར་གྱི་སྡིག་སྒྲིབ་དང་བཅས་པ། རྣམ་པ་རླུང་དམར་ནག དང་པོར་འབུད་སྐབས་ནག་ཤས་\nཆེ་བ། གཉིས་པར་དམར་སྐྱ། གསུམ་པའི་མཐར་དུག་རྣམས་ཐོན་ནས་དམར་སང་ངེར་སོང་བར་བསམ། དེ་ལྟར་གཡས་གཡོན་སྤེལ་མར་གསུམ་གསུམ་སོང་ནས་ཆ་མཉམ་ཞེས་\nལག་པ་ཁུ་ཚུར་སྔ་མ་བཞིན་བརླ་རྩར་བཞག་ལ་སྣ་བུག་གཉིས་ཀ་ནས་རླུང་རོ་བསལ་སྐབས། ངོ་བོ་ཉོན་མོངས་པ་གཏི་མུག་ལ། དེས་བསྐྱེད་པའི་ནད་བད་ཀན། གདོན་ཀླུ་\nགདོན༑ མ་རིག་པ་གཙོར་གྱུར་གྱི་སྡིག་སྒྲིབ་དང་བཅས་པ། རྣམ་པ་རླུང་སྔོ་ནག དང་པོར་འབུད་སྐབས་ནག་ཤས་ཆེ་བ། གཉིས་པར་སྔོ་སྐྱ། གསུམ་པའི་མཐར་དུག་རྣམས་ཐོན་",
"type": "text",
"url": null
}
],
"role": "assistant"
}
] | 484 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150343.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྐྱེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱར་ཏེ་མངལ་དུ་འཇུག་པར་འགྱུར་གྱི། གཞན་དུ་བརྫུས་སྐྱེས་དང་དྲོད་གཤེར་སྐྱེས་པ་སོགས་ཀྱི་རིགས་རྣམས་ཀྱང་གནས་དེ་ཉིད་ལ། ཆགས་སྡང་གི་རྣམ་\nརྟོག་གང་རུང་ཞིག་གིས་རྐྱེན་བྱས་ནས་ཞུགས་པར་འགྱུར་བ་ཉིད་དོ། །གསུམ་པ་གདམས་ངག་གི་ལམ་འཁྱེར་བཤད་པས་འགག་བསྡུ་བ་ནི། གཏེར་གཞུང་བར་དོའི་རྩ་ཐོ་ལས། ཀྱེ་མཿ\nབདག་ལ་སྲིད་པ་བར་དོ་འཆར་དུས་དེར༔ རིགས་མཐུན་ནང་ཚན་སྲིད་པའི་ཕོ་མོ་རྣམས༔ དག་སྣང་དཔའ་བོ་མཁའ་འགྲོར་ཞིང་སྦྱངས་ནས༔ ཡི་དམ་ལྷ་ཡི་བསྐྱེད་རྫོགས་དྲན་པས་\nབཟུང་༔ སྔོན་གྱི་ཉམས་ལེན་མ་ཡེངས་རྩེ་གཅིག་ངང་༔ མིག་སེར་ཆགས་སྡང་བྲལ་དགོས་དུས་གཅིག་པུ༔ སྲིད་པའི་མངལ་འཚོལ་སྐྱེ་གནས་བར་དོ་རུ༔ ཡབ་ཡུམ་ལྷ་ཡི་རྣལ་འབྱོར་\nསོར་རྟོགས་ནས༔ མི་བརྗེད་གཟུངས་ཀྱིས་ཏིང་འཛིན་རྟོགས་པར་ཤོག༔ ཅེས་གསུངས་པ་བཞིན་སྲིད་པ་བར་དོ་ལས་ཀྱི་འཕྲོ་མཐུད་པ་ཡུར་བུ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། བར་དོ་",
"type": "text",
"url": null
}
],
"role": "assistant"
}
] | 543 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180158.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །གསུམ་དྲུག །འཕྲོས་ནས་བདག་གི་ལྕེ་ལ་ཐིམ་པ་དང་། །ལུས་ཀྱང་མི་ཕྱེད་བདེ་བས་གང་བ་དང་། །གསང་བའི་དམ་ཚིག་བཅུ་དྲུག་ཟུངས་ཤིག་\nགསུངས༑ ༑སྔར་ལྟར་སློབ་དཔོན་སྐུ་རུ་གྱུར་པ་དང་། །ཚོགས་མཆོད་དགའ་སྟོན་དཔག་མེད་གནང་བའི་མཐར། །བུད་མེད་རྒྱན་ཅན་མང་པོ་དེ་ཡི་ནང་། །ཀི་དྷེ་ཝ་དྷ་ར་ཡིན་\nགསུངས་པའི། །དར་དམར་ཡུག་གོས་གསོལ་བ་ཞིག་འདུག་པར། །སློབ་དཔོན་ཕྱག་གིས་དེ་ལ་རེག་ནས་སུ། །བུ་ཁྱོད་གྲོགས་ཀྱི་རྟེན་འབྲེལ་འདི་ཡིན་པས། །དེང་ནས་བརྩམ་སྟེ་\nའཛིན་པར་གྱིས་ཤིག་གསུངས། །བུད་མེད་དེ་དང་བདག་གི་སྲིན་མཛུབ་ལ། །ཚངས་སྐུད་དམར་པོ་ཞིག་གིས་སྦྲེལ་ནས་སུ། །དཀྱིལ་འཁོར་ནུབ་ཏུ་ཁྲིད་དེ་ངོ་སྤྲོད་མཛད། །དེང་\nནས་བརྩམ་སྟེ་པདྨ་གཏེར་བདག་གླིང་། །ཚེ་ལ་དབང་ཞིང་རིག་འཛིན་འདུ་བ་ཡིན། །རྒྱུད་སྡེ་རྒྱ་མཚོའི་དགོངས་པ་མངོན་གྱུར་ནས། །ཆོས་ཀྱི་འཁོར་ལོ་རྟག་ཏུ་སྐོར་བྱེད་ཅིང་། །",
"type": "text",
"url": null
}
],
"role": "assistant"
}
] | 516 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180421.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "རྣམས་དག་ཀྱང་ཅི་བདེ་གྱིས། །ལས་ཀྱི་མཐའ་དེ་སྒུག་དང་གསལ་འོང་སྨྲས། །གྲྭ་མང་དེ་རྣམས་ཕྱི་རུ་ལོག་ནས་སོང་། །དེ་ཚེ་སྒོ་མོ་བྲག་འདྲ་བསྡམས་པ་དང་། །ཆང་ཟོམ་གཉིས་\nཙམ་འདུག་པ་ཐམས་ཅད་བསིང་། །ནང་དུ་ཡོད་པ་ཐམས་ཅད་ཚིམ་པར་འཐུང་། །གླུ་དང་ཞབས་བྲོ་བཟང་པོ་འགའ་ཡང་བཏང་། །འགྲོ་ཁར་ཆོས་སྐྱོང་གསོལ་མཆོད་ལས་ལ་\nརྦད༑ ༑དེ་ནས་རིམ་བཞིན་རྡོ་ཤུལ་ཕྱོགས་སུ་སོང་། །ཡུལ་གྲུ་དེ་ཡི་རྟེན་འབྲེལ་ཉམས་སོང་བས། །དབྱིངས་ནས་བཀའ་ཆད་དྲག་པོ་ལོས་ཡིན་མོད། །མི་འདོད་ལྟས་ངན་སྣ་ཚོགས་\nཚང་བར་སྐད། །བདག་ནི་སྙིང་རྗེ་ཟབ་མོས་རྒྱུད་སྦྱངས་ལས། །བསམ་ངན་ཙམ་ཡང་འཛིན་དོན་ག་ལ་མཆིས། །གནས་ལ་དགའ་ཞིང་འདོད་དེ་ལོག་ནས་འོང་། །ལམ་དུ་འོས་\nཚིག་གླུ་འདི་བླངས་པའོ། །ན་མོ་གུ་རུ། བདག་གདུང་བས་འདུད་ཚིག་འབུལ་བ་ནི། །དབྱིངས་དགའ་རབ་རྡོ་རྗེའི་ལྟ་བའི་ཀློང༌། །ཆོས་གཞན་ནས་གེགས་སེལ་བཙལ་དགོས་",
"type": "text",
"url": null
}
],
"role": "assistant"
}
] | 516 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180174.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ས་བོན་སྨིན་པ་ཡ་རེ་ཆ། །སེམས་སྐྱེ་མེད་ནམ་མཁའ་ཡངས་པ་ལ། །ལོག་རྟོག་ཁུ་རླངས་མ་དྭངས་ན། །ཟླ་སྐར་བཀྲག་པ་ཡ་རེ་ཆ། །སྐྱབས་ཡུལ་\nདཔག་བསམ་སྡོང་པོ་ལ། །མོས་པས་གཞི་རྩ་མ་སྨིན་ན། །ལོ་འབྲས་རྒྱས་པ་ཡ་རེ་ཆ། །ཚོགས་ཞིང་ཡིད་ཀྱི་མཎྜལ་ལ། །འབྱོར་པའི་བརྩོན་འགྲུས་མ་བསྲིང་ན། །དོན་གཉིས་\nསྨིན་གྲོལ་ཡ་རེ་ཆ། །གནས་ལུགས་ལྟ་བའི་རྒྱ་མཚོ་ལ། །རྦ་རླབས་རྩལ་དུ་མ་མཐོང་ན། །འཁྱིལ་བའི་དོན་རྟོགས་ཡ་རེ་ཆ། །རྒྱུ་འབྲས་དཀར་ནག་ས་བོན་ལ། །རྗེས་ཤེས་བླང་\nདོར་མ་གོ་ན། །མཐོ་རིས་སླེབ་པ་ཡ་རེ་ཆ། །འཇིག་རྟེན་མི་ནག་དད་པ་ལ། ཁ་ཚིག་དྲང་དོན་ཆོས་བཤད་ཀྱིས། །གནས་ལུགས་རྟོགས་པ་ཡ་རེ་ཆ། །གཤིས་ལུགས་སེམས་རྒྱུད་\nམ་དུལ་ན། །ཉན་ཐོས་གོག་པོའི་ལྟ་བ་ཡིས། །དོན་རྒྱུད་སྨིན་པ་ཡ་རེ་ཆ། །འོ་སྐོལ་འདིར་འདུས་རྟེན་འབྲེལ་ལ། །དགའ་སྟོན་ཆོས་ཀྱི་སྨིན་འདོད་ཀྱང་། །སེམས་རྒྱད་ཁེངས་",
"type": "text",
"url": null
}
],
"role": "assistant"
}
] | 510 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160373.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཡ་ཛ་ཛ༔ བླ་མེད་གསང་ཆེན་སྔགས་ཀྱི་དམ་ཚིག་\nརྫས༔ བདེ་ཆེན་ཚོགས་ཀྱི་འཁོར་ལོ་ཨེ་མ་རྨད༔ ཨ་ལ་ལ་སྟེ་ཐུགས་དམ་དབྱིངས་སུ་སྐོང་༔ སྲིད་ཞི་མཉམ་ཉིད་ཐིག་ལེ་ཆེན་པོའི་དབྱིངས༔ ཁམས་གསུམ་འཁོར་\nབའི་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆགས་རྟོག་ཚོགས་མ་སྤང་རང་གྲོལ་ནས༔ རང་རིག་དག་པ་སྐུ་གསུམ་མངོན་གྱུར་ཏེ༔ ཀུན་བཟང་གདོད་མའི་གཞི་ལ་\nསངས་རྒྱས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ ཚོགས་ཀྱི་རྟོགས་པ་བསྐྱེད་ཅིང་ཉམས་ཆགས་བསྐང་༔ གསུམ་པ་མཆོད་པ་ནི༔ ཧཱུྃ༔ བླ་མེད་ཚོགས་ཀྱི་མཆོད་པ་དམ་པ་འདི༔ དཔག་མེད་\nའདོད་ཡོན་ལྷ་མོས་གར་བསྒྱུར་བཅས༔ གུ་རུ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་ག་ཎ་ཙཀྲ་བྷ་ལིངྟ་",
"type": "text",
"url": null
}
],
"role": "assistant"
}
] | 489 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150556.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བླང་པའི་དུས༔ ཞེས་དེ་ལྟར་ཉམས་སུ་ལེན་པའི་དུས་སུ་བྱིང་ན་རླུང་གྱེན་དུ་འཐེན་ལ་ཧ་ཞེས་དྲག་ཏུ་བརྗོད། རྒོད་ན་རླུང་ལྟེ་འོག་ཏུ་མནན་པ་གནད་དོ། །དེའི་ཚེ་སྣང་བ་\nའཕེལ་ཁ་ཟད་ཕྱིར་རླུང་ནང་དུ་མི་བཞག་པར། ཁ་ནས་དྲངས་ཏེ་ཧ་དང་ཧིཀ་གི་སྒྲ་ཆེན་པོ་འབྱིན་ཞིང་ཕྱིར་འཕུལ། ལས་རླུང་ཟད་པའི་གནད་ལ། ནང་དུ་འགེངས་པ་དང་དལ་\nབུས་རབ་ཏུ་བསྡམས་ཤིང༌། ཕྱིར་འཕངས་སྐབས་སུ་ཧུ་སྒྲ་དྲག་པོ་འཐོན་པར་བྱ་བར་གསུངས་སོ། །དབྱིངས་ལུ་གུ་རྒྱུད་དུ་བཟུང་བའི་གནད་ནི་རླུང་ཁ་ནས་འདྲེན། མིག་ཨར་\nལ་གཏད། ལུས་འདུག་སྟངས་དང་བསྟན། ཤེས་པ་ཡས་སུ་བཅུག་པས་ཟིན་པར་འགྱུར་རོ། །དེའང་དབྱིངས་རིག་ལ་གཏད་པས་སྐབས་འགར་སེམས་འཕྲོ་ལ་སྒོམ་མི་བཏུབ་\nཔ་ནི། དང་པོ་རླུང་མ་འཆིང་བའི་དུས་སུ་འོང་སྟེ། སེམས་ཡས་སུ་བཅུག་པས་རང་ཟིན་དུ་འགྲོ། དེ་བཞིན་དུ་སྐབས་འགར་བྱིང་འཐིབ་མ་སེལ་ཚེ་སྒོམ་འཕྲོ་བོར་ལ། ལུས་",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170087.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། འདེབས་སོ། ། ཟབ་གཏེར་བདུན་ཅུ་དོན་ལྔ་ལ་གསོལ་བ་འདེབས་སོ། ཀྱེ་མ་ཀྱི་ཧུད། བླ་མའི་སྐུ་གསུམ་ཐུགས་རྗེས་རང་དྲོངས་མཛོད། ། \nབདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། ། བདག་གཞན་ལུས་འདི་ངེས་པར་འཆི་བར་འགྱུར། ། མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། ། འཁོར་\nབར་ཞེན་པ་ལོག་པར་བྱིན་གྱིས་རློབས། ། ཚེ་འདི་བློ་ཡིས་ཐུང་བར་བྱིན་གྱིས་རློབས། ། ངེས་འབྱུང་སྐྱོ་ཤས་སྐྱེ་བར་བྱིན་གྱིས་རློབས། ། བདག་འཛིན་མདུད་པ་གྲོལ་བར་\nབྱིན་གྱིས་རློབས། ། གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། ། འཆི་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། ། བསྐྱེད་རིམ་ནུས་པ་ཐོབ་པར་བྱིན་གྱིས་རློབས། །\nརྫོགས་རིམ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། ། གཏུམ་མོའི་བདེ་དྲོད་འབར་བར་བྱིན་གྱིས་རློབས། ། རྩ་རླུང་རང་དབང་ཐོབ་པར་བྱིན་གྱིས་རློབས། ། ཟབ་ལམ་",
"type": "text",
"url": null
}
],
"role": "assistant"
}
] | 506 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160306.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཆོས་དབྱིངས་སོགས་ནས་མཐའ་དབྱུང་བས་གྲུབ་བོ། །ཞར་ལ་སྐབས་འགར་རུས་ཆོག་མདོར་བསྡུས་བྱ་བར་འདོད་ན་མི་དང་དུད་འགྲོའི་རིགས་གང་ཡིན་ཤི་བའི་རུས་བུ་དང་། གསོན་པོའི་སོ་དང་སྐྲ་\nསེན་བསྲེག་པའི་ཐལ་བ་ལའང་རུང་སྟེ། དར་རས་དཀར་པོ་དྲི་མེད་ཀྱི་ཁུག་མར་བླུགས་པ་ཀ་ཏོ་རའི་སྣོད་དུ་མཉྫིས་བཏེགས་ལ་རྡོར་སེམས་ཀྱིས་བསྒྲུབས་པའི་གཟུངས་ཆུས་རྒྱུན་མ་ཆད་པར་ཁྲུས་ལ། དམིགས་རྟེན་གྱི་ནམ་མཁའ་ཟླ་\nབ་ལ་གནས་པའི་ཧཱུཾ་ཡིག་དཀར་པོའི་མཐར་བཟླས་བྱའི་གཟུངས་སྔགས་རང་སྒྲ་དང་བཅས་ཏེ། གཡས་སུ་འཁོར་བ་ལས་འོད་ཟེར་དང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་\nཔ་བྱུང་བས། དམིགས་ཡུལ་དེ་ཉིད་གཙོ་བོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བ་མོ་ཉི་མས་བཅོམ་པ་ལྟར་སངས་ཀྱི་དག་སྟེ་བྱང་ཆུབ་མཆོག་གི་གོ་\nའཕང་ལ་བཀོད་པར་བསམ་ལ། ཡིག་བརྒྱའི་ཤམ་དུ། དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། བརྒྱ་རྩ་ནས་འབུམ་གྱི་བར་བཟླས་ཏེ་ཐུན་ནམ་ཞག་གྲངས་རྫོགས་ནས། ཟླ་",
"type": "text",
"url": null
}
],
"role": "assistant"
}
] | 555 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180043.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འཐོར་སྙམ་བྱེད། །གོས་གཡང་ལུག་པགས་པ་གྱོན་པའི་ཚེ། །ལྕག་ཚེར་མའི་དབྱུག་པས་བྲབས་སྙམ་རྟོག །ཟས་འབྲུ་མར་བཅུད་མཆོག་སྦྱིན་པའི་ཚེ། ཁོག་གཅོང་ནད་གྲིམ་པོས་\nཟིན་སྙམ་བྱེད། །སྐོམ་ནུ་ཞོ་མངར་མོ་བྱིན་པའི་ཚེ། །རོ་སྐྱག་ལོག་ཟས་དང་འཕྲད་སྙམ་བྱེད། །རྐྱེན་འདུས་བྱས་ཕུང་པོ་གཅེར་བུ་ལ། །ཚོགས་དྲུག་ཏུ་ཤར་བའི་འཇམ་རྩུབ་ཀུན། །\nརྒྱུ་ཅི་སྣང་རྨི་ལམ་ལྟ་བུར་བསྐྱེད། །སེམས་རིག་པའི་ཁྱེའུ་ཆུང་ཅོག་གེར་བཞག །དོན་གོ་བས་སྒྱུ་མའི་ངང་ཚུལ་རྟོགས། །དེ་ལམ་ཁྱེར་སྤྱད་པའི་རྣལ་འབྱོར་ཡིན། །དུས་སྙིགས་\nམའི་རྣལ་འབྱོར་དེ་ཙམ་ཆོག །ཡུམ་བཟང་མོའི་པང་དུ་གནས་པའི་ཚེ། །ཞིང་ཕྱོགས་བཅུའི་རིག་འཛིན་མཁའ་འགྲོ་ཀུན། །སྤྲིན་འཇའ་གུར་འབྲུག་སྒྲའི་ཀློང་ནས་གཏིབ། །ཚིག་བཀྲ་\nཤིས་སྦྲང་ཆར་མེ་ཏོག་འཐོར། །གནས་དཀར་ཕྱོགས་གཞི་བདག་བསུ་བ་མཛད། །བྱ་འདབ་ཆགས་སྣ་ཚོགས་ཉམས་དབྱངས་བླངས། །ཤིང་ཙནྡན་ལྷ་མོས་བྲོ་གར་འཁྲབ། །གཉེན་",
"type": "text",
"url": null
}
],
"role": "assistant"
}
] | 546 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160220.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ ནས༔ རང་རྒྱལ་དཀྱིལ་འཁོར་རྣམ་བཞིའི་ཐུགས་དམ་བསྐང་༔ བསླབ་པ་མདོ་སྡེའི་སྲུང་མཚམས་ལས་འགལ་བཤགས༔ ཚོགས་དང་བསེ་རུའི་\nརང་རྒྱལ་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད༔ ཧོཿ བདེན་གཉིས་ལམ་དུ་ཁྱེར་བའི་དཀྱིལ་འཁོར་ནས༔ མངོན་པའི་དཀྱིལ་འཁོར་བཅུ་ཡི་ཐུགས་དམ་བསྐང་༔ མུ་བཞི་ལམ་\nདུ་གོལ་བའི་ནོངས་པ་བཤགས༔ དག་གཞན་ཀུན་ནས་འོད་ཀྱི་ས་ལ་སྐྱོལ༔ ཡིག་བརྒྱ་བརྗོད༔ ཧོཿ དག་པ་རྣམ་པ་གསུམ་གྱི་དཀྱིལ་འཁོར་ནས༔ བྱ་རྒྱུད་དཀྱིལ་འཁོར་དྲུག་\nགི་ཐུགས་དམ་བསྐང་༔ གཙང་སྦྲ་ཆུང་སོགས་ཕྲ་རག་ཉམས་ཆག་བཤགས༔ ཐབས་མཆོག་བདེ་ཆེན་རྡོ་རྗེའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད༔ ཧོཿ ཐབས་དང་ཤེས་རབ་\nགཉིས་མེད་དཀྱིལ་འཁོར་ནས༔ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ ལྷ་སྔགས་ཏིང་འཛིན་མ་དག་ཉམས་ཆག་བཤགས༔ གྲུབ་ཆེན་བརྒྱུད་སོགས་",
"type": "text",
"url": null
}
],
"role": "assistant"
}
] | 484 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160619.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་གནས་ཀྱང་སྡིག་ཆེན་གྲོགས་ཀྱི་སྟེང་དུ་གནམ་ལྕགས་རྡོ་རྗེས་ཆར་ཕོབ་ཅིག༔ གནོད་བྱེད་ཤ་ཏྲུཾ་\nམཱ་ར་ཡ་ཕཊ྄ཿ སྦྱོར་བ་ངན་པ་འདིས་ཐུལ་ཅིག ཅེས་དང་། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །བྱད་\nཕུར་རྦོད་གཏོང་རང་གཤེད་དབབ། །ཅེས་པའི་ཆེ་བ་བརྗོད། གཏོར་འབུལ་མཐར་དབྱུང་། ཆད་མདོ་གཏོང་བ་ནི། ཧཱུྃ༔ འོག་མིན་གནས་དང་མེ་རི་འབར་བ་ནས༔ ལྷ་སྲིན་སྡེ་དཔོན་དྲེགས་སྡེས་\nཁས་བླངས་བཞིན༔ གཏོར་མ་བཞེས་ལ་གསང་སྔགས་བསྟན་པ་སྐྱོངས༔ མ་རུངས་དགྲ་བགགས་ཐལ་བ་རྡུལ་དུ་རློག༔ ཨོཾ་ཀྲོ་ཏ་ཀྲོ་ཏི་ཧེ་རུ་ཀ་ལ་ཡཀླུ་ཡ་ཨི་དཾ་བ་ལིངྐ་ཁ་\nཁ་ཁཱ་ཧི༔ བརྟན་མ་སྐྱོང་བནི། ཧཱུྃ༔ བོད་ཁམས་སྐྱོང་མཛད་བརྟན་མ་སྐྱོང་བའི་ཚོགས༔ ལྷབ་ལྷུབ་རྒྱན་སྤྲས་གར་སྒྱུར་གཏོར་མ་ལོངས༔ འཛམ་གླིང་འདི་རུ་བདག་གནས་",
"type": "text",
"url": null
}
],
"role": "assistant"
}
] | 538 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180117.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གནས་ལུགས་མི་ཤེས་སྒོམ་ཆེན་བརྒྱད། །ཨ་འཐས་འཛིན་པའི་སྒྲུབ་པ་དགུ །དེ་དགུ་ད་ལྟ་དུས་གཅིག་ཚོགས། །བདག་ནི་ལས་འཕྲོ་ཆུང་བ་དང་། །སློབ་དཔོན་ཐུགས་གཞི་མཉེས་\nདཀའ་དང་། །དཔེ་ཆ་བཀའ་རྒྱས་ནོན་པ་དང༌། །སེམས་བསྐྱེད་གཞན་ཕན་ཆུང་ལུགས་ཀྱིས། །གྲུབ་ཐོབ་འཆལ་བ་མིན་ནམ་ཅི། །རྡོ་རྗེ་ཐེག་པའི་བསྟན་ཞབས་སུ། །ཡུན་རིང་\nའདི་འདྲ་གསུམ་ཡོད་ན། །ཆགས་སྡང་ཟབ་མོའི་གཅོང་རོང་ཆུས། ཁེངས་སེམས་རྙོག་མར་རྒྱས་བཏབ་པས། །གསང་སྔགས་ཆོས་བརྒྱད་བསྲིང་ངམ་སྙམ། །ད་ནས་སྤང་བན་\nབཙུན་ཆུང་ང་། ཁ་དྲིན་ཅན་གྱི་ལོངས་སྤྱོད་ལས། །བདག་མེད་ཤིང་འབྲས་མི་ཟ་བར། །ཕྱུག་པོར་རེ་བ་མ་འཁྲུལ་ལམ། །མི་ཆོས་བླ་མར་བསྟེན་པ་ལས། །གཉོམ་ཆུང་རང་\nསེམས་མི་འཚོ་བར། ཁས་དྲག་ངོ་སྲུང་མ་འཁྲུལ་ལམ། ཁེངས་སེམས་སློབ་དཔོན་བསྟེན་པ་ལས། །གནས་ལུགས་རང་རྩལ་མི་སྦྱོང་བར། །གཞན་ནས་སློབ་སྦྱོང་མ་འཁྲུལ་",
"type": "text",
"url": null
}
],
"role": "assistant"
}
] | 515 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180675.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བཞུགས་ཡོད་པ་ཐོས་པས་མཇལ་བར་ཕྱིན། ཞལ་མཇལ་སྐབས་མཉེས་ཚོར་ཆེན་པོས་སྨན་སྒྲུབ་སོགས་གནང་ཞིང་། ལམ་ཡིག་ཐོབ་ཚེ་འབྲུག་ཡུལ་དུ་\nགནས་སྐོར་ཞིག་ཕེབས་འདུན་ཡོད་སྐོར་གསུངས། དེ་དོན་བཞིན་ཨ་ཞང་དབང་འདུས་ལ་བཤད་དེ་ནང་མི་གཉིས་ཀྱིས་དེའི་ཚུལ་བློན་ཆེན་ཏམཤིང་རྒྱ་གར་སམ་སྐྱིད་སྡུག་བློན་ཆེན་ལ་\nཞུས་པ་བཞིན་བཀའ་ཁྲོལ་ཐོབ། འོན་ཀྱང་ལམ་ཡིག་འདྲ་མི་དགོས་སམ་ཞུས་པས་ཁྱེད་གཉིས་སོང་ནས་ཡར་ལ་གདན་དྲངས་ཡོང་ན་འགྲིགས། དེ་གར་ཕེབས་པ་དང་ང་རང་སར་\nགདན་ཤོག་དང་ང་ཚོས་སྐད་ཆ་བཤད་ཆོག་ཅེས་བཀའ་ཕེབས་བཞིན་མར་སྙན་གསན་ཕུལ་བས། ༡༩༦༧ མེ་ལུག་ལོར་ཕུན་ཚོགས་གླིང་དུ་ཕེབས། ཨ་ཞང་ཕེབས་བསུར་བཅར་\nནས་གདན་དྲངས། ཐིམ་ཕུར་བློན་ཆེན་གྱི་ལས་ཁུངས་སུ་བཅར་བའི་ཕན་ཚུན་བཀའ་མོལ་མཛད་པའི་རྒྱལ་ཡུམ་སྐུ་བགྲེས་ཕུན་ཚོགས་ཆོས་སྒྲོན་དང༌། བློན་ཆེན་ཁོང་རྣམས་དང་སྔར་\nའདྲིས་ཡོད་པ་ཞིག་རེད་འདུག་པར་མ་ཟད། །འབྲུག་ཏུ་ཕེབས་ཐེངས་གཉིས་པ་ཡིན་པར་གཞི་ནས་ཤེས་ཟེར། སྐབས་དེར་གནས་བསྐོར་ཞིག་མཛད་ནས་ཕྱིར་ཕེབས་ཞེས་ཨ་མ་",
"type": "text",
"url": null
}
],
"role": "assistant"
}
] | 581 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180484.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །རྒོད་བརྒྱབ་པ་ལྟ་བུར་འདུག །འདུ་ཕུང་མ་སྙོམས་ངང་ལ་ཉལ་ཏེ་བསྡད། །ནམ་ཕྱེད་ཟིན་པ་ཙམ་གྱི་ཚུན་ཆོད་ལ། །ལུས་ཀྱང་བག་ཚ་གཉིད་ཀྱང་མ་\nཁུག་ཅིང་༑ །བློ་སེམས་བུན་ཅིང་ཞེ་ཁ་ལོག་པར་འདུག །ཐོ་རངས་གཉིད་པའི་རྨི་ལམ་ཟ་ཟི་རུ། །གནོད་སྦྱིན་མི་བདུད་སེང་མགོ་ཡིན་ཟེར་བའི། །མི་རིང་དམར་པོ་སེངྒེའི་མགོ་།\nཅན་གྱིས༑ དྲེད་མོང་ཁམ་པ་རི་ལོག་ཆུང་བ་ཙམ། །མི་མགོའི་ཕྲེང་བས་སྣ་ཐག་བརྒྱན་པ་ཞོན། །བུད་མེད་གཅེར་མོ་སྟོང་ཕྲག་ཙམ་ཁྲིད་ནས། །ལུང་པ་འུར་གྱིས་འགེངས་ཤིང་\nམདུན་དུ་བྱུང་། །ང་རོ་འདྲ་བའི་སྒྲ་ལས་འདི་སྐད་ཟེར། །ཧ་ཧ་ཀ་ནི་ཀྵེཾ་ཀྵེཾ་རོང་འདི་ཤ་ཟའི་ཡུལ། །སྔགས་པ་ཁྱོད་དག་འདི་རུ་ཅི་ཕྱིར་བགྲོད། །ངེད་ཀྱི་སྡེ་ཚོགས་ལྷ་བཙན་ནག་པོ་\nསྟེ༑ ༑རོང་ཆེན་བཞི་ཡི་གཏེར་གྱི་རྒྱ་སྲུང་ཡིན། ཁྱོད་ལ་ལུང་བསྟན་ཁ་བྱང་ཡོད་ལགས་སམ། །གཏེར་རྒྱ་འབྱིན་ན་ལྡེ་མིག་ཡོད་ལགས་སམ། །དྲེགས་པ་མཉེས་པའི་དམར་",
"type": "text",
"url": null
}
],
"role": "assistant"
}
] | 540 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170034.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": " ཅན༑ ༑རྒྱལ་ཡུམ་འཇིགས་མེད་ཀྱི་སྒྲོལ་མ། ། དགོངས་པ་གང་ཤར་དུ་སྤྱོད་པའི། ། རྒྱལ་གཅིག་སྲས་གཅིག་གི་ལྷ་མོ། ། ངོ་བོ་ཧཱུྃ་ནག་གི་དྲག་རྩལ། ། གཙང་སྟོད་དིང་\nརི་ཡི་ལུང་དུ། ། རྒྱལ་དབང་ཆོས་རྗེ་ཡི་དམ་པ། ། པཎྜི་རབ་བྱུང་གི་ཆས་ཅན། ། གནས་ལྔ་རིག་པ་ཡི་འབྱུང་གནས། ། མཚུངས་མེད་སྐྱབས་གཅིག་གི་སྤྲུལ་སྐུ། ། ངོ་བོ་\nགནམ་ལྕགས་ཀྱི་རྡོ་རྗེ། ། སྟག་ཚང་སེངྒེ་ཡི་དབེན་གནས། ། བདུད་འདུལ་པདྨ་ཡི་ཐུགས་བཅུད། ། ཡང་ཟབ་གཉེར་བྱང་ཀུན་གཏད་ཚེ། ། ཌཱཀྐི་རྒྱ་མཚོ་ཡི་གཙོ་བོ། \nརིག་མ་ཉེར་ལྔ་ལ་དབང་བའི། ། ཀརྨ་ལས་འབྲེལ་གྱི་དྲག་རྩལ། ། མོན་ཁ་སྨྲ་བོ་ཡི་སྒྲུབ་གནས། ། སྔགས་འཆང་པདྨ་ཡི་དབང་དྲག། ཟབ་ཆོས་རྒྱ་མཚོ་ཡི་བདག་\nཉིད༑ ༑རྟེན་འབྲེལ་ལས་སྟོབས་ལ་སྤྱོད་པའི། ། ཆོས་བདག་བཀའ་བབ་ཀྱི་བུ་ཆེན། ། ངོ་བོ་ཧཱུཾ་བདག་གི་རྡོ་རྗེ། ། འཛམ་གླིང་གངས་ཅན་གྱི་ཁྲོད་དུ། ། ཟབ་གཏེར་སྒོ་",
"type": "text",
"url": null
}
],
"role": "assistant"
}
] | 552 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180511.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "དམིགས་མེད་མཁའ་རུ་སྒྱུ་མའི་གར་ལྟར་ལྡང་། །བདག་ཀྱང་ཉམས་སྣང་འགྱུ་བ་ཧད་ཀྱིས་སངས། །གོ་རིམ་ཉམས་མྱོང་བགྱིས་ནས་གཏན་ལ་ཕབ། །མི་བརྗེད་ཡིད་དུ་འཆང་བ་དེ་\nལྟར་རོ། །ས་མ་ཡ། དེ་ནས་རེ་ཞིག་རྟེན་འབྲེལ་དུས་ཀྱི་ཚེ། །ལུང་བསྟན་སྣ་ཚོགས་བྱུང་བའི་འཕྲོ་ཞིག་ལ། །གནས་ཆེན་རྣམས་ལ་རྟེན་འབྲེལ་བརྟག་ཏུ་ཕྱིན། །ལྷོ་ལམ་ནག་པོར་\nརིམ་པར་བགྲོད་ནས་ཀྱང་། །ཡེ་གོང་ཆུ་བར་སྒར་པ་གནས་པའི་ཚེ། །མ་རྐུང་ལུང་པའི་གནས་བདག་ཕལ་ཆེར་གྱིས། །བསུ་བ་དང་ནི་ཚོགས་འཁོར་ཁྱེར་དུ་བྱུང་། །དུས་ལ་བབ་\n༔པའི་ཆོས་ཀ་བྱིན་ཅིག་ཟེར། །དེ་ལྟར་གྱིས་སྨྲས་གནས་ལ་ཆས་པའི་ཚེ། །རྫོང་དཔོན་སྙིང་དུ་འགོང་པོ་ཞུགས་ནས་ཀྱང་། །ལམ་དུ་ཞུགས་པའི་ཆ་ལག་མི་སྣང་ཞེས། །གནས་ཆེན་\nཕག་མོ་གསང་བ་ལུང་དུ་ཕྱིན། །གནས་ཀྱི་སྒོ་ཕྱེ་མཐོང་སྣང་གཏན་ལ་ཕབ། །མགོན་པོ་མ་ནིང་ཆོས་ཀ་གདན་དྲངས་ཚེ། །རྒྱ་མཚོའི་དཀྱིལ་ནས་ཤོག་དྲིལ་དངོས་སུ་བླངས། །དམ་",
"type": "text",
"url": null
}
],
"role": "assistant"
}
] | 527 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160203.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གསོལ༔ སྐུ་གསུང་ཐུགས་ཀྱི་བྷ་ག་ཡངས་པ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་༔ ཐུན་མོང་ལས་བཞི་གྲུབ་བརྒྱད་འདོད་རྒུའི་ཆར༔ ད་ལྟ་ཉིད་དུ་\nབསྩལ་ཞིང་བརྟན་པར་མཛོད༔ རྩ་སྔགས་དང་༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཅུ་གཉིས་པ་ནོངས་བཤགས་ནི༔ ཧོཿ གསང་བའི་སྒོར་ཞུགས་རྣལ་འབྱོར་སྒྲུབ་པ་\nཔོའི༔ བག་མེད་དབང་གྱུར་ཏིང་འཛིན་མ་གསལ་ཞིང་༔ ལྷ་སྔགས་མ་དག་ཆོ་གར་ལྷག་ཆད་སོགས༔ ཡེ་ཤེས་ལྷ་དང་སྲུང་མར་བཟོད་པར་གསོལ༔ ཡིག་བརྒྱ་\nབཟླ༔ བཅུ་གསུམ་པ་དཀྱིལ་འཁོར་བསྡུ་རིམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་ཆ་ལྷ་སྔགས་འཁོར་ལོ་དབྱིངས་སུ་བསྡུ༔ མི་གནས་ཐུགས་ཀྱི་ཐིག་ལེས་རྟག་མཐའ་བྲལ༔ ཨ་ཨ་ཨཱཿ ཕཊ་\nཕཊ་ཕཊཿ སྟོང་ཉིད་རང་གདངས་ཐུགས་རྗེའི་ཡེ་ཤེས་རྩལ༔ སྐུ་གསུང་ཐུགས་ཀྱི་འཁོར་ལོས་ཆད་མཐའ་སྤངས༔ ཨོཾ་ཨཱཿཧཱུྃ༔ བཛྲ་མ་མ་ཀ་ཝཱ་ཙི་རཀྵ་ཧཾ༔ བཅུ་བཞི་",
"type": "text",
"url": null
}
],
"role": "assistant"
}
] | 526 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160073.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྐུ་གསུམ་དགོངས་འདུས་ལས། དབང་བཞི་ཡེ་ཤེས་ཆར་འབེབས་ཁྲིགས་སུ་བསྡེབས་\nཔ་སྐལ་ལྡན་སྨིན་བྱེད་བཞུགས་སོ། ། །",
"type": "text",
"url": null
}
],
"role": "assistant"
}
] | 93 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180730.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཕེབས་འཆར་ཡོད་པ་དེ་བསྒྱུར་ནས་ཨ་ཞང་དབང་འདུས་གཟིམ་ཁང་དུ་གསོལ་ཇ་བཞེས་གྲུབ་མ་ཐག སྔ་འགྱུར་བསྟན་པའི་གསལ་བྱེད་རྫོགས་ཆེན་རྣལ་སྨྱོ་ཤུལ་མཁན་རིན་པོ་ཆེ་\nའཇམ་དབྱངས་རྡོ་རྗེ་མཆོག་གི་དྲུང་དུ་ངེད་དཔོན་སློབ་རྣམས་དེ་འཕྲལ་དུ་བཅར། དགོངས་འདུས་དབང་ལུང་ཐེངས་དང་པོ་སྤྲུལ་སྐུ་རིན་པོ་ཆེ་ཁོང་དང་སློབ་མ་རྣམས་ལ་ཚང་མ་ཕུལ་བ་\nཡིན༑ ད་ཕྱིན་འདོན་ཡང་མི་ཐུབ་སྙམ་ནས་དབང་ཙཀ་དབང་ཆས་ཚང་མ་སྤྲུལ་སྐུར་ཕུལ་ཟིན། ཉིད་ཀྱིས་སྔར་ནས་སྐུ་གསུམ་དགོངས་འདུས་ཀྱི་དབང་ལུང་དགོས་ཞེས་བཀའ་སྩལ་\nཔ་དེ་ད་རེས་འབུལ་རྒྱུའི་ཆེད་བཅར་ཡོང་བ་ཡིན་ཞེས་གསུང་སྐབས། མཁན་རིན་པོ་ཆེ་ནས་བཀའ་དྲིན་ཆེ། ཞེས་གསུངས་ནས་དེ་མ་ཐག་སྨྱོ་ཤུལ་མཁན་རིན་པོ་ཆེས་མཁའ་འགྲོ་\nདམ་ཆོས་ལ་གཏོར་རྩམ་ཡོད་དམ་གསུངས་པས། ག་ཚད་དགོས་ཀྱང་ཡོད་ཅེས་ཞུས་པས་མཁན་རིན་པོ་ཆེས་ད་ཁྱེར་ཤོག་གསུངས། སྐབས་དེར་ཕྲན་པས་སང་ཉིན་དབུ་མཛད་\nབསོད་རྡོར་དང་། སྤྲུལ་སྐུ་སོགས་འབྱོར་མཚམས་སུ་གནང་ན་གཏོར་མ་བཅའ་བ་སོགས་སྟབས་མི་བདེའམ་ཞུས་པས། གཏེར་སྟོན་གྱིས་ངས་གཏོར་མ་ཐབས་ཆག་ཅིག་བཅའ་",
"type": "text",
"url": null
}
],
"role": "assistant"
}
] | 600 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150505.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དང་༔ སྤོས་དུད་དྲི་བསུང་ཆགས་པ་གཉིས༔ ཡང་དག་དོན་ལ་ངོ་བོ་མཉམ༔ དུས་གསུམ་སངས་རྒྱས་མདུན་དུ་ནི༔ གསེར་གྱི་ཕུང་པོ་\nསྤུངས་པ་དང་༔ དུག་གི་ཡོན་ཆབ་གཏམས་པ་གཉིས༔ ཆགས་པ་མེད་པས་ངོ་བོ་མཉམ༔ རྣམ་རྟོག་འཛིན་པ་གྲོལ་བ་ལ༔ རོ་རས་ནག་པོས་དཀྲིས་པ་དང་༔ ལེ་བརྒན་\nདར་དཀར་གཡོགས་པ་གཉིས༔ ངེས་པའི་དོན་ལ་ངོ་བོ་མཉམ༔ གཙུག་ལག་ཁང་དང་སྐུ་གསུང་རྟེན༔ བཤིག་དང་བརྩིགས་ལ་དགའ་སྡུག་མེད༔ རང་གིས་བསོད་\nནམས་བསགས་པ་ཙམ༔ དོན་ལ་བདེན་པར་མ་གྲུབ་པས༔ སངས་རྒྱས་བསྟོད་དང་སྨད་པ་མཉམ༔ ཚོགས་དྲུག་སྒོ་ཁྱུད་འདན་ན་གསལ༔ རྣམ་རྟོག་བརྩེགས་པ་བཤིག་ན་\nབརླིང་༔ འཁྲུལ་བའི་ཕ་མ་བསད་ན་དགེ༔ ངན་གོམས་ཆུང་མ་ཕྱེ་ན་མཐུན༔ སེར་སྣའི་སྒོ་ནོར་ཟད་ན་ཕྱུག༔ ངར་འཛིན་བུ་རབས་ཆད་ན་འཕེན༔ སྤང་བླང་ཟད་ན་སྲུང་",
"type": "text",
"url": null
}
],
"role": "assistant"
}
] | 447 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160260.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྂ༔ ཕ rigཉྩཏ1p རིགས་འདུས་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ༔ སྐྱབས་བྲལ་མགོན་མེད་ཕ་རོལ་སོང་བ་\nཡི༔ བར་དོའི་འགྲོ་བ་རྗེས་སུ་འཛིན་པའི་ཐབས༔ ཐུགས་རྗེའི་ལྕགས་ཀྱུ་རྣོན་པོ་གསལ་བར་སྟོན༔ ས་མ་ཡ༔ སྦྱོར་བ་དངོས་དང་རྗེས་ཀྱི་རིམ་པར་\nབསྟན༔ དང་པོར་དལ་བཤམ་རྟེན་བསྐྱེད་རྣམ་ཤེས་དགུག༔ གཤེད་དང་ཁ་ཕྲལ་ཁྲུས་ཕྱག་དུག་སྦྱོང་ངོ་༔ དང་པོ་དལ་བཤོམ་རིགས་དྲུག་ས་བོན་བཀོད༔ ཞལ་ཟས་མར་མེ་ཆང་བུ་དྲུག་ཕྲག་",
"type": "text",
"url": null
}
],
"role": "assistant"
}
] | 271 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170160.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཚིག་བཞིན་དུ་གང་བཅོལ་ཕྲིན་ལ་སྒྲུབས། ། ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། བརྟན་མ་ནི། ཧཱུྃ། བོད་ཡུལ་སྐྱོང་བའི་མ་བཙུན་བཅུ་གཉིས་ཚོགས། ། ལྷབ་ལྷུབ་གོས་གྱོན་དམ་\nཚིག་ལས་རྗེས་གཅོད། ། གཏོར་མ་བཞེས་ལ་ཡང་ཟབ་རིང་ལུགས་འདི། ། ཕྱོགས་བཅུ་ཡོངས་ལ་ཁྱབ་པའི་ཕྲིན་ལས་མཛོད། རྟ་བྲོ་ནི། ཧཱུྃ། སྟོང་གསུམ་མི་ཤིགས་མ་\nབཅོས་ས་འོག་ཏུ། ། གང་ཤར་འགགས་མེད་འཆི་བདག་ཧོམ་ཁུང་ནང་། ། ནག་ཕྱོགས་གཉིས་འཛིན་སྒབ་འདྲེ་དམ་སྲི་ཁུག །སངས་རྒྱས་ཀུན་ཏུ་བཟང་པོས་རྒྱས་གདབ་\nབོ༑ སྟྭཾ་བྷ་ཡ་ནན། དངོས་གྲུབ་བསྐུལ་བ་ནི། ཧཱུྃ། ཐུགས་རྗེ་རྨད་བྱུང༴ སོགས་འདོན། བཀྲ་ཤིས་ནི། ཧཱུྃ། ཆོས་སྐུའི་བཀྲ་ཤིས་དབྱིངས་ཀྱི་ཀློང་ཡངས་སུ། །ལོངས་སྐུའི་བཀྲ་\nཤིས་ཆུ་འཛིན་འགྱུ་བ་ལས། །སྤྲུལ་སྐུའི་བཀྲ་ཤིས་རིག་པའི་ཆར་རྒྱུན་འབེབས། །འགྲོ་ཀུན་བཀྲ་ཤིས་དད་གུས་ཞིང་ས་རུ། །ཐམས་ཅད་བཀྲ་ཤིས་གདོད་མའི་འབྲས་",
"type": "text",
"url": null
}
],
"role": "assistant"
}
] | 529 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160592.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཀུན་ཀྱང་གཟི་བརྗིད་ལྡན་པར་སྒོམ། གཙོ་བོའི་སྔགསནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ཁྲོ་མོའི་སྔགསནི། ཨོ་ཀྲོ་ཏི་རཾ་བྷོ་ཙ་ཏུར་མུ་ཁ་ཙཀྲ་ཧཱུྃ་ཕཊ྄ཿ བསྙེན་པ་གང་འགྲུབ་མཐར། བྱད་\nབཟློག་གི་ཟོར་ཐུན་སྔགས་ནི། ཨོཾ་བཛྲ་ཙཎྜ་ཧེ་ཀྲོ་ཏ་ཀ་ལ་སེ་ན་ཙཀྲ་ལོ་ཧི་ཙཀྲ་ཏི་ཀྲི་ཙཀྲ་ཡ་གནོད་བྱེད་འབྱུང་པོ་བྱད་མ་རྣམས་ཀྱི་སྲོག་རྩ་ལ་རྦད་རྦད༔ ཨོཾ་ཀྲོ་ཏི་མ་ཏྲི་བཾ་བྷྱོ་ཙ་ཏུར་མུ་ཁ་རཾ་\nཧ་ལ་ཡ་ཕ་རོལ་གྱི་བྱད་ཟོར་ཕུར་ཁ་ངན་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ལན་ཁ་ཤས་བཟླས་ལ་ཐུན་རྫས་ཟོར་རྫས་ལ་ངར་གདག མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླ་ཞིང་བསྙེན་བསྟོད་ནི། ཧཱུྃ༔ སྣང་\nསྲིད་ཁྲོ་བོ་རོལ་པའི་སྐུ༔ སྒྲ་རྣམས་དྲག་སྔགས་འུར་མཆེད་སྒྲ༔ དྲན་རྟོག་དཔའ་ངར་འབར་བའི་དབྱིངས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་པ་\nའབུལ༔ བག་མེད་འགལ་འཁྲུལ་ཉམས་ཆག་བཤགས༔ རང་མདངས་རོལ་གར་རྩལ་དུ་བསྟོད༔ གཞི་འབྲས་གཅིག་པའི་དངོས་གྲུབ་སྩོལ༔ བཛྲ་པུཥྤེ་སོགས་ཤབྡ་མ་ཧཱ་",
"type": "text",
"url": null
}
],
"role": "assistant"
}
] | 630 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150358.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཤིག༔ ཡར་སྣེ་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཡོད་པའི་སྟེང་དུ༔ ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ༔ རྣམ་པ་རྗེ་བཙུན་པདྨ་འབྱུང་གནས་སྐུ་མདོག་\nདམར་པོ་ཧེ་རུ་ཀའི་ཆ་ལུགས་ཅན་རྒྱན་དུ་མ་དང་ལྡན་པ༔ གར་གྱི་ཉམས་དང་ལྡན་པ༔ ཌཱ་རུ་དང་བྷནྡྷ་བསྣམས་པ༔ སྣང་ལ་རང་བཞིན་བྲལ་བ༔ དེའི་ཕྱོགས་བཞིར་\nགསང་བའི་མཁའ་འགྲོ་བཞི་མཁའ་ལ་སྤྱོད་པའི་ཉམས་འགྱུར་ཅན་དུ་སྒོམས་ཤིག༔ དེ་ནས་བླ་མ་རྒྱངས་འབོད་བྱ་བ་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་དེ་མཁྱེན་\nནོ༑ ༑ལོངས་སྐུ་རྒྱལ་བ་རིགས་ལྔ་དེ་མཁྱེན་ནོ། སྤྲུལ་སྐུ་རིགས་གསུམ་མགོན་པོ་དེ་མཁྱེན་ནོ། །རིག་འཛིན་དགའ་རབ་རྡོ་རྗེ་དེ་མཁྱེན་ནོ། །གུ་རུ་ཤྲཱི་སིདྷ་དེ་མཁྱེན་ནོ། །\nམཁས་པ་བི་མ་མི་ཏྲ་དེ་མཁྱེན་ནོ། །སློབ་དཔོན་པདྨ་འབྱུང་གནས་དེ་མཁྱེན་ནོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེ་མཁྱེན་ནོ། །ལྷ་ལྕམ་མནྡ་ར་བ་དེ་མཁྱེན་ནོ། །གནུབས་",
"type": "text",
"url": null
}
],
"role": "assistant"
}
] | 535 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150304.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཡིན་ནམ་ཞེས་རྟག་པར་ཞུ་གི་ཡོད་ལ། ཁོང་གིས་མདང་ངའི་སར་མི་ག་གེ་མོ་ཞིག་སླེབས་སོང་བས། ཁོཤི་བ་ཡིན་པ་འདྲ། དེའི་ཆེད་དུ་དེ་རིང་ང་ལ་བསྔོ་\nཞུས་བསྐྱལ་བར་ཡོང་བ་ཡིན་རྒྱུ་རེད་གསུངས། མཚམས་མཚམས་སུ་མི་རེ་ལ་ཁོ་ངའི་སར་སླེབས་མ་སོང་། ངེད་གཉིས་ལ་དམ་ཚིག་མི་གཙང་བ་འདྲ་ནི་མེད་འོང་། ཅི་ཡིན་ཞེས་ཡ་\nམཚན་པར་མཛད་ནས་བསྔོ་རྟེན་སོགས་ཀྱང་གཞན་ཕྱོགས་ལ་སྐྱེལ་བར་མཛད་པ་མཐོང་། གྲོགས་ཀྱང་དམ་ཚིག་གཙང་ཞིང་ཆོས་མཐུན་གྱི་གདམས་ངག་གིས་གསལ་འདེབས་སོགས་ཤེས་པ་\nཡོད་ན་ཤིན་ཏུ་ལེགས་ལ། གཞན་ནི་འཇིག་རྟེན་གྱི་གཉེན་འདུན་སོགས་ཀྱི་ངུ་སྐད་དང་མྱ་ངན་གྱིས་ཆགས་སྡང་བསྐྱེད་པར་འགྱུར་བས་རྐྱེན་རྣམས་ཀྱིས་ཐོ་འཚམ་པའི་ཕྱིར་གཏན་ནས་མེད་པ་\nགལ་ཆེའོ། །དེ་ནས་ཐིམ་རིམ་རྣམས་ཀྱང་འདིར་བཤད་པ་རྣམས་གང་ཟག་སྤྱི་ཁྱབ་ལ་འབྱུང་ཚུལ་བརྡས་མཚོན་ཙམ་སྟེ། གཞན་ནི་སོ་སོའི་རྩ་རླུང་དང་ཁམས་རིགས་ཐ་དད་ཀྱི་ཁྱད་པར་",
"type": "text",
"url": null
}
],
"role": "assistant"
}
] | 500 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160279.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྟོན་མཁན་པོ་ཡིན༔ ཡང་དག་ངེས་པའི་ལུང་འདི་ལེགས་པར་ཉོན༔ ཆོས་ཉིད་བདེན་པའི་ཚིག་མཆོག་བླ་ན་མེདཿ འོད་གསལ་རྫོགས་ཆེན་ལམ་\nཞུགས་སྐྱེས་བུ་ལ༔ བདེ་གཤེགས་སྙིང་པོས་ཁྱབ་པའི་སེམས་ཅན་དང་༔ འབྲས་བུ་མངོན་དུ་གྱུར་པའི་སངས་རྒྱས་གཉིས༔ ཡེ་ནས་གཉིས་མེད་བཟང་ངན་རྡུལ་ཙམ་\nམེད༔ ཆོས་ཉིད་དོན་ལ་སྐྱེ་འཆི་མི་མངའ་ཡང་༔ ཀུན་རྫོབ་སྒྱུ་མའི་གཡར་ཁང་རྒྱ་རལ་བ༔ ཐ་སྙད་མིང་ཙམཤི་བ་ཙམ་དུ་ཟད༔ འོན་ཀྱང་དགེ་སྡིག་རྒྱུ་འབྲས་མི་བསླུ་\nབས༔ གདུལ་བྱ་ཐུན་མོང་པ་ཡི་སྣང་ངོ་རུ༔ དག་པ་ལྷ་སྔགས་ཆོས་ཉིད་རང་སྒྲ་སོགས༔ རང་ལས་བྱུང་ཏེ་མངོན་སུམ་སྣང་བ་དང་༔ མ་དག་གཤིན་རྗེའི་ཕོ་ཉ་ཤ་ཚུགས་\nཅན༔ འཇིགས་རུང་འཕྲང་དང་ཡ་ངའི་གནས་ལ་སོགས༔ དགེ་སྡིག་གཟུགས་བརྙན་ཇི་ལྟར་ཤར་ན་ཡང་༔ རྨི་ལམ་སད་རྨིས་རང་སྣང་འཁྲུལ་པ་ལས༔ གཞན་དུ་བདེན་",
"type": "text",
"url": null
}
],
"role": "assistant"
}
] | 463 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170237.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། ༼ཀི༽༄༅། མགོན་པོ་ཕྱག་བཞི་པའི་བསང་ནི། ཧཱུྃ། བདེ་གཤེགས་ཐུགས་ཀྱི་སྐུ་སྤྲུལ་པ། ། སེམས་ཅན་ཀུན་ལ་མགོན་སྐྱབས་མཛད། ། འོག་མིན་\nགནས་ན་བཞུགས་པ་ལ། ། རབ་ཏུ་གུས་པས་ཕྱག་འཚལ་བསྟོད། ། བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། ། འདྲེན་མཛད་འཇིག་རྟེན་མཁའ་འགྲོའི་གཙོ། ། དྲེགས་པ་མ་\nབལུས་འདུལ་མཛད་པ། ། མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། ། བརྒྱན་པའི་བསང་མཆོད་འདི་བཞེས་ལ། ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་རླངས་སྨྱོན་གྱིས་སྦྱར་",
"type": "text",
"url": null
}
],
"role": "assistant"
}
] | 313 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160655.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ནས་མི་གཙང་ལུས་བརྗེས་གྱུར་མ་ཐག༔ མཁའ་སྤྱོད་དག་ཞིང་བགྲོད་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཝ་གི་ཤྭ་རི་\nམཱུྃཾ༔ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ་བཛྲ་ཕཊ྄ཿ ཨོཾ་པདྨ་དྷཱ་ར་ཨཱ་ཡུར་སིདྡྷི་ཧཱུྃ༔ ཞེས་གནས་ཀྱི་གསོལ་འདེབས་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ་མ་འདི་ཐམས་ཅད་ཀྱིས་རྒྱུན་དུ་ཁ་འདོན་བྱས་ན་དག་ཞིང་བགྲོད་པར་ཐེ་\nཚོམ་མེད་དོ༔ གནས་སྐོར་བ་ཐམས་ཅད་ཀྱིས་འདོན་ཆོག་ཡིན༔ ཁྱད་པར་གཟེ་རྒྱལ་བསྐོར་དུས་འདོན༔ གནས་སྐོར་བ་ཐམས་ཅད་ཀྱི་རིམ་གྲོའི་དོན་དུ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་\nརྒྱ༔ ཟབ་རྒྱ༔ གསང་རྒྱ༔ གབ་རྒྱ༔ ཨོ་རྒྱན་རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོས་མདོ་ཁམས་ལྕི་རྒྱུད་སྨུག་པོ་ལྷ་རྩེ་རོང་གི་བྲག་ལངྐ་མགྲིན་བཅུའི་གནས་རིགས་ལྡན་གྲོགས་དང་བཅས་ཏེ་ལྕགས་ཕག་ལོར་གདན་དྲངས་ཤིང་ཤོག་སེར་ནས་\nཞལ་བཤུས་སོ།། །།",
"type": "text",
"url": null
}
],
"role": "assistant"
}
] | 539 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160276.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཐམས་ཅད་སརྦ་པྲ་བེ་ཤ་ཡ་ཕཊ༔ བྱང་སེམས་ཆུ་ཡིས་བག་ཆགས་ལྷག་མེད་སྦྱངས༔ ཧཱུྃ༔ བཀྲ་ཤིས་དྲི་མེད་བུམ་པ་བཟང་པོ་ནས༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་ལེགས་ཁྲུས་\nཔའི༔ དམིགས་ཡུལ་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཡིག་བརྒྱ་ཁྲུས་བདུན་སྔགས་བཅས་ཡང་དག་བཀྲུ༔ ཕྲག་དོག་གི་ལས་དང་\nའཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་སརྦ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དྲུག་པ་ལྷ་ཡི་གནས་ནས་དྲངས་པ་ནི༔ ཀྱེ་མཿ མ་ཡེངས་ཉོན་ཅིག་དམིགས་ཡུལ་རིགས་ཀྱི་བུ༔ ས་འདི་བཅད་པ་\nམན་ཆད་ལྷ་ཡི་གནས༔ འཕེན་བྱེད་དགེ་འབྲས་རྫོགས་ནས་ངན་སོང་དུ༔ འཆི་འཕོ་ལྟུང་བའི་སྡུག་བསྔལ་བརྗོད་ལས་འདས༔ སྐྱེ་བའི་རྒྱུ་ནི་ཉོན་མོངས་ང་རྒྱལ་ཏེ༔ གནོང་\nངོ་འགྱོད་དོ་འཁོར་བའི་གནས་རིས་སྤོངས༔ ས་འདི་བཅད་པ་ཡན་ཆད་དག་པའི་ཞིང་༔ དཔལ་ལྡན་ཞིང་དུ་འདོང་ཕྱིར་ཡར་གཤེགས་ལ༔ ལྷ་དབང་བརྒྱ་བྱིན་ཞབས་ལ་",
"type": "text",
"url": null
}
],
"role": "assistant"
}
] | 509 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170081.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། ༼ཛ༽རྩ་གསུམ་གླིང་པའི་ཆོས་བདག་བཅས་པའི་གསོལ་འདེབས་རགས་བསྡུས་སུ་བཀོད་པ་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། ། ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་\nབཟང་ཡབ་ཡུམ་ལ་གསོལ་བ་འདེབས་སོ། ། དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། ། ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས་སོ། ། སངས་རྒྱས་\nསྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། ། སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། ། \nརིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། ། མཁས་པ་ཤྲཱི་སིངྷ་ལ་གསོལ་བ་འདེབས་སོ། ། པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས་སོ། ། སྤལ་སྐུ་པདྨ་\nའབྱུང་གནས་ལ་གསོལ་བ་འདེབས་སོ། ། མཁན་ཆེན་བོ་དྷི་ས་ཏཱ་ལ་གསོལ་བ་འདེབས་སོ། ། སློབ་དཔོན་བཻ་རོ་ཙ་ན་ལ་གསོལ་བ་འདེབས་སོ། ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་",
"type": "text",
"url": null
}
],
"role": "assistant"
}
] | 528 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180042.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །འཁོར་ཅན། །རྩལ་མངོན་དུ་རྫོགས་པར་སྟེར་བ་ལ། །དྲིན་འཁོར་མེད་ཡིན་ནོ་གུས་པས་འདུད། །གཞི་ཆགས་སྡང་གྲུབ་པའི་དགོན་པ་རུ། །ཚིག་ཐ་\nསྙད་བླ་མ་མ་བསྟེན་ཡང་། །གནས་སྤྲུལ་པའི་དཀྱིལ་འཁོར་ས་ལམ་རྫོགས། །དུས་སྙིགས་མའི་དགེ་སློང་འདི་ཙམ་ཆོག །ཚིག་བཤགས་ཡིན་མིན་དོན་ལ་དྲིས། །བདག་ད་ནི་བར་\nདོ་འགྲིམ་ཚུལ་བཤད། །ལུས་སྲིད་པའི་སྦྲུམ་དུ་གནས་པའི་ཚེ། །མ་དྲོ་གྲང་རྒྱགས་ལྟོགས་རྐྱེན་དབང་གིས། །རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་པས། །ལུས་མནར་ཤ་གཅོད་ང\nཔའི་ཉམས་ཙམ་བྱུང་། །རྐྱེན་དེ་ཐོག་རོ་སྙོམ་གདམས་པ་བདོག །གྲོགས་ཕར་ཕྱིན་དྲུག་ལྡན་དུས་གཅིག་རྫོགས། །དུས་སྙིགས་མའི་བཟོད་པ་དེ་ཙམ་རབ། །སྒོ་འོར་མོ་རུས་པའི་\nཆོས་འབྱུང་ནས། །གནས་མི་ཡུལ་བཙལ་ཏེ་བགྲོད་པའི་ཚེ། །ལུས་འབྱུང་བཞི་ཁྲོལ་བུར་བརྡུང་སྙམ་སེམས། །རླུང་རྩོལ་བཅས་ལྷག་པ་བཏབ་པའི་ཚེ། ཤ་རུས་པ་སིལ་བུར་",
"type": "text",
"url": null
}
],
"role": "assistant"
}
] | 517 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150366.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །རྣམ་ཐར་གསུམ་གྱི་ངོ་བོ་ནི། །\nརྣམ་པ་དབྱིངས་ཡུམ་ཚུལ་འཛིན་མར། །རྣམ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ཡང་བླ་\nམའི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་བསམ་ལྷུན་ལེའུ་བཅུ་གསུམ་དུ་བཞུགས་པའི་ནང་ཚན་\nསྟོད་ལས་བྱང་ཆུབ་སྒྲུབ་པའི་ལས་ཚོགས་ལྔའི་ཡ་གྱལ། རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་འཇའ་ལུས་",
"type": "text",
"url": null
}
],
"role": "assistant"
}
] | 233 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170084.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སོ༑༑གནམ་སྤྲུལ་བཟོད་པ་རབ་བརྟན་ལ་གསོལ་བ་འདེབས་སོ། ། བསྟན་འཛིན་པདྨའི་འོད་ཟེར་ལ་གསོལ་བ་འདེབས་སོ། ། དཀོན་མཆོག་ཕྲིན་ལས་བཟང་པོ་ལ་གསོལ་\nབ་འདེབས་སོ། ། རྟོགས་ལྡན་ཨ་མདོ་གསང་སྔགས་ལ་གསོལ་བ་འདེབས་སོ། ། རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས་སོ། ། ཟུར་མཁར་ཐེག་ཆེན་\nགླིང་པ་ལ་གསོལ་བ་འདེབས་སོ། ། ཀུན་བཟང་བདེ་ཆེན་རྒྱལ་པོ་ལ་གསོལ་བ་འདེབས་སོ། ། མཐུ་ཆེན་ཀྲ་ཏི་སྔགས་འཆང་ལ་གསོལ་བ་འདེབས་སོ། ། སྔགས་བཙུན་\nཀུན་དགའ་བློ་གྲོས་ལ་གསོལ་བ་འདེབས་སོ། ། མཁས་གྲུབ་དཀོན་མཆོག་སེངྒེ་ལ་གསོལ་བ་འདེབས་སོ། ། འགྲོ་མགོན་ཨཱརྱ་དྷ་ཛ་ལ་གསོལ་བ་འདེབས་སོ། ། གྲུབ་\nབརྙེས་ཨོ་རྒྱན་བསྟན་འཛིན་ལ་གསོལ་བ་འདེབས་སོ། ། ཆོས་དབྱིངས་པདྨ་རང་གྲོལ་ལ་གསོལ་བ་འདེབས་སོ། ། སྔགས་འཆང་རྡོ་རྗེ་དོན་འགྲུབ་ལ་གསོལ་བ་འདེབས་",
"type": "text",
"url": null
}
],
"role": "assistant"
}
] | 501 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180548.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དང་ནི་བྲེ་ཁུ་བྲག་ཞབས་སུ། །ཆོས་འཁོར་བསྐོར་དང་དགེ་བའི་ལེགས་ཚན་སྒྲུབ། ཁྱུང་པོ་དཔོན་ཚང་གདན་འདྲེན་མཎྜལ་སོགས། །ལེགས་ཚོགས་\nདང་བཅས་འབུལ་བ་དགེ་མཚན་བྱུང་། །སྨུག་པོ་ལྷ་རྩེ་ཀཿརྒྱལ་གསང་རྒྱལ་སོགས། །གནས་ཆེན་རྣམས་ལ་རི་བསྟོད་རྒྱན་ཉིད་སྤྲས། །རི་རླུང་ཐམས་ཅད་རིན་ཆེན་གཏེར་གྱིས་།\nབཀང་། །ཐ་ཚིག་གཡར་དམ་སྐྱོང་བའི་སྲུང་མར་བསྐོས། །རྟེན་འབྲེལ་ལེགས་ཚོགས་དག་ནི་རྒྱས་པར་བྱུང་། །སྣང་སྲིད་ལྷ་འདྲེའི་ཡོན་བདག་ལེགས་པོ་བྱུང་། །གཏང་རག་\nམཎྜལ་འབུལ་བའི་རིགས་བྱེད་ནི། །ཤོད་རླུང་དབུ་འཛུག་མཛད་པའི་དཔེར་དྲངས་ནས། །ཕྱུག་དབུལ་མེད་པའི་མཎྜལ་ཆག་ཆག་བྱུང་། །ཡོན་བདག་དད་ལྡན་མང་པོ་འབྲེལ་ཐོགས་\nབྱུང༌། །ཟང་ཟིང་དགོས་རིམ་གང་འདོད་དེར་སྟོན་བྱུང་། །ཆོས་ཀྱི་མཎྜལ་དཔག་ཏུ་མེད་པ་ལ། །བཛྲ་གུ་རུ་དུང་བརྒྱ་ལྷག་ཙམ་བྱུང་། །དགེ་སྦྱོར་ལྷ་འདྲེ་མི་གསུམ་སྤྱི་མཐུན་",
"type": "text",
"url": null
}
],
"role": "assistant"
}
] | 504 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180360.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཟིམ་ཐོར་ཙམ་བབས་པའི་ཤུལ། །མདུན་དུ་འཇའ་ཚོན་ཁ་དོག་ལྔ་ལྡན་ཤར། །དེ་ཡང་ཕུབ་སྐོར་འཁྱིལ་བའི་ཚུལ་ཅན་ལ། །ཆེ་ཆུང་མདའ་རྒྱང་གང་གི་\nཚད་ཙམ་ནི། །དེ་ཡི་ནང་ནས་མདངས་ལྡན་འོད་ལྔ་ལ། །གུ་རུ་པདྨ་བདེ་ཆེན་རྒྱལ་པོ་ནི། །སྔར་གྱི་སྐུ་ཡི་གཟི་མདངས་ལྟ་བུ་ལ། །ཟབ་བེར་ཕོད་ཀ་པད་ཞྭ་གསོལ་ནས་སུ། །\nཕྱག་གཉིས་མཉམ་བཞག་དམ་ཚིག་བྷནྡྷའི་ནང་། །ཡིད་བཞིན་ནོར་བུ་འབར་བས་རབ་ཏུ་བཀང་། ཁྲོ་འཛུམ་སྤྱན་རྩ་འཁྱིལ་ཏེ་བདག་ལ་གཟིགས། །མནྡ་ར་བ་ཡེ་ཤེས་མཚོ་རྒྱལ་\nགཉིས༑ ་རྗེ་འབངས་ཉེར་ལྔ་ཁྲི་སྲོང་ལྡེའུ་བཙན་བཅས། །སྣང་སྟོང་ལྷ་སྐུ་ཇི་བཞིན་ལམ་མེར་ཤར། །བདག་གིས་སྙིང་ནས་ཡང་ཡང་གསོལ་བ་བཏབ། །ཚོགས་མཆོད་ཕུལ་ནས་\nཅུང་ཟད་སོང་བའི་མཚམས། །འཇའ་ཚོན་གྱུ་གྱུ་ཕྲིག་ཕྲིག་འགུལ་བ་དང་། །གཏེར་རྒྱའི་བྲག་དང་དབྱེར་མེད་འབྲེལ་ནས་སོང་། །གསོལ་བ་བཏབ་པས་གཏེར་རྒྱར་ཐིམ་ནས་",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180115.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གཡར་ནས་བྱུང་། །དེ་རྣམས་ཟླ་བ་གཅིག་ལ་ལེགས་པར་བྲིས། །ད་རུང་ཆ་ཚང་གཡར་རོགས་གྱིས་སྨྲས་པས། །དེ་ག་ལག་ལེན་བསླབ་ཀྱིས་ཡོན་བྱིན་ཟེར། །ཆ་གཅིག་དེ་ལས་\nགཡར་ཆད་མ་བྱས་ཟེར། །བནྡེ་ཕ་དེས་གཏམ་བཤད་གཏོང་གིན་འདུག །དེ་ཚེ་ཁོ་བོ་བདག་གིས་བསམ་པ་ལ། །དཔེ་ཆ་ཕྲན་བུ་འདི་ཡི་ཁ་དྲིན་ལས། །དེ་ལས་སློབ་པའི་ཡོན་ཏན་\nཉོན་མོངས་རྒྱུ། །གདམས་ངག་མི་ལ་རེ་དགོས་མི་འདུག་སྙམ། །སློབ་དཔོན་གཞན་ལ་རེ་བའི་ཁོ་ཐག་ཆོད། །དཔེ་དེ་མི་གཏོར་ཁ་རོག་བཞག་པ་ན། །ནམ་ཞིག་ཤེས་པའི་དུས་ཤིག་\nམཆིས་འོང་བསམ། །དམ་དུ་དྲིལ་ནས་སྣོད་དུ་བཅུག་སྟེ་བཞག །དེ་ཚེ་ཁྱིམ་མི་རྣམས་ཀྱིས་འདི་སྐད་སྨྲས། །མི་ལ་རེ་བ་ཐམས་ཅད་དེ་འདྲ་ཡིན། །ད་རུང་སླར་ཡང་གཞན་ནས་མི་\nབཙལ་ན། །དེ་འདྲ་ཕན་པོ་འགའ་རེ་མྱོང་འོང་ཟེར། །དེ་ཚེ་བློ་སེམས་ཡང་ཡང་སྐྱོ་ནས་སུ། །མི་ལ་མ་རེ་ཟེར་བའི་གླུ་འདི་བླངས། །ན་མོ། སྐྱབས་འགྲོ་བའི་བླ་མ་མགོན་གཅིག་",
"type": "text",
"url": null
}
],
"role": "assistant"
}
] | 527 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180701.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མཛད་པར་དགོང་མོ་གཟིམས་ལམ་དུ། ཀིང་དཀར་ཤ་མེད་ཀྱིས་དངོས་གྲུབ་ཐོད་པ་རང་བྱུང་དངོས་སུ་མཇལ་ཁ་ཕུལ་ཏེ། མཐར་སང་ལམ་དུ་ཡོད་པས་\nབཞེས་པར་ཞུ་ཞེས་ཞུས་པའི་ཉམས་སྣང་བྱུང་། སང་ཞོགས་ཁོང་གིས་འདུས་འཁོར་ལ་དེ་རིང་ང་ཚོར་གྲོགས་ཤིག་ཡོད་ལས་ཆེ། གཟབ་གཟབ་བྱེད་དགོས་ཞེས་གསུངས། དེ་ནས་\nལམ་བར་ཞིག་ནས་གློ་བུར་དུ་གཡུ་འབྲུག་གི་སྒྲ་བཞིན་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་པ་དང་མཉམ་དུ་ས་གཞིའང་འདར་བའི་སྣང་བ་བྱུང་བ་དང་ཆབས་ཅིག་འཁོར་རྣམས་ལ་ཕར་ཚུར་\nའཚོལ་དུ་བཅུག་པས་རྡོའི་ཐོད་པ་རང་བྱུང་ངོ་མཚར་བ་ཞིག་རྙེད། དེ་ཁྱེར་ནས་བླ་མ་འཇམ་དཔལ་བྱ་བའི་སར་བཞག་ཅིང་དེར་ཚོགས་མཆོད་ཕུལ་བས་བདུད་རྩིའི་རྒྱན་དངོས་སུ་བབ་\nཔ་བྱུང་ཞེས་ཞལ་ལས་ཐོས། རང་ལུགས་ཆུ་ཁྱི་ལོའི་སྟོན་དུས་སུ་གུ་རུའི་ཕྲིན་ལས་ཀྱི་གནས་ཆེན་མོན་མཁའ་ནེ་རིང་སེངྒེ་རྫོང་དུ་གཏེར་སྒྲུབ་དང་འབྲེལ་ནས་ལོ་གསུམ་ཟླ་གསུམ་ལ་\nསྐུ་མཚམས་བཅད་རྒྱ་མཛད་དེ་བཞུགས། སློབ་དཔོན་བཀྲ་ཤིས་ཕུན་ཚོགས་ཀྱིས་སྦྱིན་བདག་གཙོ་བོ་བྱས་ཏེ། ཐོག་མར་ནེ་རིང་སེངྒེ་རྫོང་གི་ནང་གསེས་ལྷོ་ཕྱོགས་རིན་ཆེན་སྤུངས་",
"type": "text",
"url": null
}
],
"role": "assistant"
}
] | 597 |
Subsets and Splits
No community queries yet
The top public SQL queries from the community will appear here once available.